您的位置: 首页 >长者版>政策>详细内容
索引号: 3070211020000043000000/2024112700001269 发布机构:
生效日期: 2024-11-27 废止日期:
文 号: 所属主题: 政策
索引号: 3070211020000043000000/2024112700001269
发布机构:
生效日期: 2024-11-27
废止日期:
文 号:
所属主题: 政策

残疾儿童康复救助政策

来源: 发布时间:2024-11-27 浏览次数: 【字体:
一、康复救助范围


(一)康复救助对象
康复救助对象为符合条件的0-6周岁视力、听力、言语、肢体、智力、孤独症等残疾儿童和7-17岁持残疾人证的视力、听力、言语、肢体、智力、孤独症等残疾儿童。
(二)康复救助条件
户籍(居住证发放地)在共和县的残疾儿童,并持有二级以上医疗机构出具的诊断证明书或《中华人民共和国残疾人证》。
二、救助标准
0-6岁残疾儿童:视力残疾儿童康复训练费每人每年最高补助0.5万元。听力、言语残疾儿童人工耳蜗植入费每人最高补助6.6万元。肢体残疾儿童矫治手术平均每人最高补助2万元。听力、言语残疾儿童、脑瘫儿童、智力残疾儿童、孤独症儿童康复训练费每人每年最高补助2万元。听力、言语残疾儿童助听器适配每人最高补助1万元。轮椅、坐姿椅、站立架、助行器、助视器等辅助器具平均每例最高补助0.1万元,假肢、矫形器适配每例最高补助0.5万元。以上经费包含评估、适配服务费。
7—17岁持证残疾儿童:视力残疾儿童康复训练每人每年最高补助0.2万元。听力、言语残疾儿童人工耳蜗植入费每人最高 补助6.6万元。肢体残疾儿童矫治手术每人最高补助0.8万元。听力、言语残疾儿童、脑瘫儿童、智力残疾儿童和孤独症儿童康复训练每人每年最高补助0.8万元。听力、言语残疾儿童助听器适配每人最高补助0.8万元。轮椅、坐姿椅、站立架、助行器、助视器等辅助器具平均每例最高补助0.08万元,假肢、矫形器适配每例最高补助0.4万元。以上经费包含评估、适配服务费。
有康复救助需求的申请人持家庭户口本、诊断证明书或残疾人证原件向共和县残联提出申请。
དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོ་རོགས་སྐྱོབ་སྲིད་ཇུས།
གཅིག   ལུས་གསོའི་རོགས་སྐྱོབ་ཁྱབ་ཁོངས།
(གཅིག)བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་ཡུལ
བདེ་ཐང་སླར་གསོའི་རོགས་སྐྱོབ་བྱ་ཡུལ་ནི་ཆ་རྐྱེན་འཛོམས་པའི་ལོ་0ནས་6བར་གྱི་མིག་ཤེད་དང་། ཉན་ཤུགས། སྐད་ཆ། རྐང་བོ། རིག་སྟོབས། ཁེར་རྐྱང་ནད་སོགས་དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་ལོ་7ནས་17བར་གྱི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་ཡོད་པའི་མིག་ཤེད་དང་། ཉན་ཤུགས། སྐད་ཆ། རྐང་བོ། རིག་སྟོབས། ཁེར་རྐྱང་ནད་སོགས་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཡིན། 
(གཉིས།)བདེ་ཐང་སླར་གསོའི་རོགས་སྐྱོབ་ཆ་རྐྱེན
ཁྱིམ་ཐོ(གནས་སྡོད་ལག་ཁྱེར་སྤྲོད་ས་ཡིན)གུང་ཧོ་རྫོང་དུ་ཡོད་པའི་དབང་པོ་སྐྱོན་ཅན་བྱིས་པ་དང་འབྲེལ་ཚད་རིམ་གཉིས་པ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱིས་སྤྲད་པའི་ནད་དཔྱད་དཔང་ཡིག་གམ་ཡང་ན་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་ལག་ཁྱེར》ཡོད་དགོས།
གཉིས།  རོགས་སྐྱོབ་ཚད་གཞི།
ལོ་0ནས་6བར་གྱི་དབང་པོ་སྐྱོན་ཅན་བྱིས་པ། མིག་ཤེད་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་སྦྱོང་བརྡར་གྲོན་དངུལ་མི་རེར་ལོ་རེར་མཐོ་ཤོས་སྒོར་ཁྲི་0.5ཁ་གསབ་སྤྲོད་དགོས། ཐོས་ཤུགས་དང་སྐད་ཆའི་དབང་པོ་སྐྱོན་ཅན་གྱི་བྱིས་པར་མིས་བཟོས་རྣ་འཁྱིལ་ནང་འཇུག་གྲོན་དངུལ་མི་རེར་མཐོ་ཤོས་སྒོར་ཁྲི་6.6ཁ་གསབ་བྱ་རྒྱུ་དང་། རྐང་ལག་དབང་པོ་སྐྱོན་ཅན་གྱི་བྱིས་པར་བཅོས་བསྲང་གཤགས་བཅོས་བྱེད་པར་ཆ་སྙོམས་མི་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི་2སྤྲོད་དགོས། ཐོས་ཤུགས་དང་སྐད་ཆའི་དབང་པོ་སྐྱོན་ཅན་གྱི་བྱིས་པ། ཀླད་པ་ཞ་བའི་བྱིས་པ། རིག་སྟོབས་དབང་པོ་སྐྱོན་ཅན་གྱི་བྱིས་པ། ཁེར་རྐྱང་ནད་ཕོག་པའི་བྱིས་པ་བཅས་ཀྱི་བདེ་ཐང་སླར་གསོའི་སྦྱོང་བརྡར་གྲོན་དངུལ་མི་རེར་ལོ་རེའི་ཁ་གསབ་མཐོ་ཤོས་སྒོར་ཁྲི2སྤྲོད་དགོས། ཐོས་ཤུགས་དང་སྐད་ཆའི་དབང་པོ་སྐྱོན་ཅན་གྱི་བྱིས་པར་ཐོས་རོགས་ཡོ་བྱད་སྒྲིག་སྦྱོར་བྱེད་པར་མི་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི་1སྤྲོད་དགོས། རྐུབ་སྟེགས་འཁོར་ལོ་ཅན་དང་། འདུག་སྟངས་རྐུབ་སྟེགས། ལངས་སྒྲོམ། འགྲོ་རོགས་ཡོ་བྱད། མཐོང་རོགས་ཡོ་བྱད་སོགས་རམ་འདེགས་ཡོ་བྱད་ལ་ཆ་སྙོམས་ཀྱི་ཁ་གསབ་མཐོ་ཤོས་སྒོར་ཁྲི་0.1དང་། རྐང་ལག་རྫུན་མ་དང་དབྱིབས་བཅོས་བསྲང་ཡོ་བྱད་ལ་ཆ་སྙོམས་ཀྱི་ཁ་གསབ་མཐོ་ཤོས་སྒོར་ཁྲི་0.5སྤྲོད་བཞིན་ཡོད། གོང་གསལ་གྱི་གྲོན་དངུལ་ནང་དཔྱད་དཔོག་དང་འཚམ་སྡེབ་ཞབས་ཞུའི་གྲོན་དངུལ་ཚུད་ཡོད།    
ལོ་7ནས་17བར་གྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་བྱིས་པ།མིག་ཤེད་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱེད་པར་མི་རེར་ལོ་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི་0.2སྤྲོད་དགོས། ཐོས་ཤུགས་དང་སྐད་ཆའི་དབང་པོ་སྐྱོན་ཅན་གྱི་བྱིས་པར་མིས་བཟོས་རྣ་འཁྱིལ་ནང་འཇུག་གྲོན་དངུལ་མི་རེར་མཐོ་ཤོས་སྒོར་ཁྲི་6.6ཁ་གསབ་བྱ་རྒྱུ་དང་། རྐང་ལག་དབང་པོ་སྐྱོན་ཅན་གྱི་བྱིས་པ་བཅོས་བསྲང་གཤགས་བཅོས་བྱེད་པར་མི་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི་0.8སྤྲོད་དགོས། ཐོས་ཤུགས་དང་སྐད་ཆའི་དབང་པོ་སྐྱོན་ཅན་གྱི་བྱིས་པ། ཀླད་པ་ཞ་བའི་བྱིས་པ། རིག་སྟོབས་དབང་པོ་སྐྱོན་ཅན་གྱི་བྱིས་པ། ཁེར་རྐྱང་ནད་ཕོག་པའི་བྱིས་པ་བཅས་ཀྱི་བདེ་ཐང་སླར་གསོའི་སྦྱོང་བརྡར་ལ་མི་རེར་ལོ་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི་0.8སྤྲོད་དགོས། ཐོས་ཤུགས་དང་སྐད་ཆའི་དབང་པོ་སྐྱོན་ཅན་གྱི་བྱིས་པར་ཐོས་རོགས་ཡོ་བྱད་སྒྲིག་སྦྱོར་བྱེད་པར་མི་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི་0.8སྤྲོད་དགོས། རྐུབ་སྟེགས་འཁོར་ལོ་ཅན་དང་། འདུག་སྟངས་རྐུབ་སྟེགས། ལངས་སྒྲོམ། འགྲོ་རོགས་ཡོ་བྱད། མཐོང་རོགས་ཡོ་བྱད་སོགས་རམ་འདེགས་ཡོ་བྱད་ལ་ཆ་སྙོམས་ཀྱི་ཁ་གསབ་མཐོ་ཤོས་སྒོར་ཁྲི་0.08སྤྲོད་པ། རྐང་ལག་རྫུན་མ་དང་དབྱིབས་བཅོས་བསྲང་ཡོ་བྱད་ལ་ཆ་སྙོམས་ཀྱི་ཁ་གསབ་མཐོ་ཤོས་སྒོར་ཁྲི་0.4སྤྲོད་བཞིན་ཡོད། གོང་གསལ་གྱི་གྲོན་དངུལ་ནང་དཔྱད་དཔོག་དང་འཚམ་སྡེབ་ཞབས་ཞུའི་གྲོན་དངུལ་ཚུད་ཡོད།    
བདེ་ཐང་སླར་གསོའི་རོགས་སྐྱོབ་ཀྱི་དགོས་མཁོ་ཡོད་པའི་རེ་འདུན་ཞུ་མཁན་གྱིས་ཁྱིམ་ཚང་གི་ཁྱིམ་ཐོ་དང་། ནད་དཔྱད་དཔང་ཡིག་གམ་ཡང་ན་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་མ་ཡིག་བཅས་འཁྱེར་ནས་གུང་ཧོ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ལ་རེ་འདུན་ཞུ་དགོས།          



【打印正文】
分享到:
【字体: