(藏汉双语)共和县新型冠状病毒感染的肺炎疫情防控处置工作指挥部办公室健康提示
温 馨 提 示
8月12日以来,我县发现新冠肺炎病毒核酸检测阳性感染者,疫情防控形势严峻复杂,为及时切断病毒传播途径,遏制疫情蔓延,坚持“外防输入、内防反弹”总策略和“动态清零”总方针,进一步筑牢我县疫情防线。现将有关健康事项提示如下:
一、积极履行主动报备义务。请8月5日以来有西藏、海南、新疆、甘肃等中高风险地区旅居史,8月13日以来有海西州格尔木市、德令哈市、都兰县旅居史,8月10日以来有玉树州玉树市、囊谦县旅居史及7日内有涉疫地区旅居史的来 (返)县人员,立即向所在村 (社区)、单位、宾馆(酒店)、县疾控中心报备,配合落实相应管控措施。所有拟来(返)县人员,提前24小时通过信用青海公众号信康码“来青返青报备程序”主动报备行程信息。
二、积极配合核酸检测。核酸检测是落实“早发现、早报告、早隔离、早治疗”的第一防线和有效举措,是发现风险隐患的唯一途径。广大农牧(居)民群众要按照检测范围和检测频次要求,主动接受辖区组织的全员核酸检测,积极服从现场组织安排,分时段,分批次到指定采样点进行核酸采样,保持2米安全距离,期间不乱跑、不停留,带好口罩,加强个人防护。对行动不便、居家隔离等人员,由流动采样人员入户进行采样。采样结束后立即返回,做到应检尽检,应检必检,有效杜绝疫情传播风险。
所有来(返)县人员凡不主动报备、全县农牧(居)民群众不主动参加区域核酸检测造成疫情传播的,依法依规严肃追究相应法律责任。
共和县新型冠状病毒感染的肺炎疫情
防控处置工作指挥部
2022年8月20日
གུང་ཧོ་རྫོང་པྲོག་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་འགོག་སྡོམ་
ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་
གཞུང་ལས་ཁང་།
བདེ་ཐང་དྲན་སྐུལ།
ཟླ8པའི་ཚེས12ཉིན་ནས་བཟུང་།རང་རེའི་རྫོང་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་གདགས་གཤིས་ཡིན་པའི་ནད་པ་ཐོན་ཡོད་པས།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་བར་གྱུར་ལ།དུས་ཐོག་ཏུ་ནད་དུག་མཆེད་ལམ་གཏན་གཅོད་དང་རིམས་ནད་མཆེད་པར་བཀག་འགོག་བྱེད་ཆེད།“ཕྱི་ནས་ནང་དུ་འགོས་བ་དང་ནང་ནས་བསྐྱར་དུ་མི་འབྱུང་བའི”སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།རང་རེའི་རྫོང་གི་རིམས་ནད་འགོག་སྲུང་འཛིང་རགས་སྔར་བས་སྲ་བརྟན་དུ་གཏོང་བར།ད་ལྟ་འབྲེལ་ཡོད་དོན་ཚན་གྱི་བདེ་ཐང་ལ་དྲན་སྐུལ་བྱས་པ་གཤམ་གསལ་ལྟར།
གཅིགརང་འགུལ་ངང་སྙན་སེང་ཐོ་འགོད་ཀྱི་འོས་འགན་ཧུར་ཐག་གིས་བསྒྲུབ་དགོས། ཟླ8ཚེས5ཉིན་ནས་བཟུང་བོད་ལྗོངས་དང་། ཧའེ་ནན། ཤིན་ཅང་། ཀན་སུའུ་སོགས་ཉེན་ཁ་ཆེ་བའི་ས་ཁུལ་དུ་གནས་སྡོད་བྱས་མྱོང་བ་དང་།ཟླ8ཚེས13ཉིན་ནས་བཟུང་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དང་། གཏེར་ལེན་ཁ་གྲོང་ཁྱེར། གཏེར་ལེན་རྫོང་བཅས་སུ་གནས་སྡོད་བྱས་མྱོང་བ།ཟླ8ཚེས10ཉིན་ནས་བཟུང་ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་དང་ནང་ཆེན་རྫོང་དུ་གནས་སྡོད་བྱས་མྱོང་བ་དང་དེ་བཞིན་ཉིན7ནང་རིམས་ནད་དང་འབྲེལ་བ་ཡོད་པའི་ས་ཁུལ་དུ་གནས་སྡོད་བྱས་མྱོང་བའི་མི་སྣ་ཕྱིར་རྫོང་ཐོག་ཏུ་ཡོང་(ཕྱིར་ལོག)ན་འཕྲལ་མར་གནས་སའི་གྲོང་སྡེ(སྡེ་ཁུལ)དང་། སྡེ་ཚན། མགྲོན་ཁང(གསོལ་མགྲོན་ཁང)རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་བཅས་ལ་སྙན་སེང་ཞུས་ནས་དེ་མཚུངས་ཀྱི་དོ་དམ་དང་ཚོད་འཛིན་བྱ་རྒྱུར་གཞོགས་འདེགས་བྱ་དགོས།ཕྱིར་རྫོང་ལ་ཡོང(ཕྱིར་ལོག)གྲབས་ཡོད་པའི་མི་སྣ་ཡོངས་ཀྱིས་ཆུ་ཚོད24ཡི་སྔོན་ལ་ཡིད་རྟོན་མཚོ་སྔོན་སྤྱི་དམངས་ཨང་རྟགས་ཏེ“མཚོ་སྔོན་དུ་ཡོང་བ་དང་ཕྱིར་ལོག་བྱེད་པའི་ཐོ་འགོད་སྙན་ཞུ་གོ་རིམ”བརྒྱུད་ནས་རང་འགུལ་ངང་འགྲོ་འོངས་ཆ་འཕྲིན་ཐོ་འགོད་བྱ་དགོས།
གཉིས།ཉིང་སྐྱུར་བཤེར་འཇལ་ལ་གཞོགས་འདེགས་ཧུར་ཐག་བྱ་དགོས།ཉིང་སྐྱུར་བཤེར་འཇལ་ནི“སྔ་མོ་ནས་ཤེས་རྟོགས།སྔ་མོ་ནས་ཡར་ཞུ།སྔ་མོ་ནས་ལོགས་བཀར།སྔ་མོ་ནས་སྨན་བཅོས།”བཅས་ཀྱི་བྱེད་ཕྱོགས་ལྷུར་ལེན་བྱ་བའི་འགོག་སྲུང་འཛིང་རགས་དང་པོ་ཡིན་ལ།རིམས་ནད་འགོག་སྡོམ་གྱི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་པ་མ་ཟད།ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཤེས་རྟོགས་བྱེད་པའི་ཐབས་ལམ་འབའ་ཞིག་ཀྱང་ཡིན།རྒྱ་ཆེའི་རོང་འབྲོག(སྡོད་དམངས)མང་ཚོགས་ཀྱིས་བཤེར་འཇལ་ཚད་ལེན་ཁྱབ་ཁོངས་དང་བཤེར་འཇལ་ཚད་ལེན་གྲངས་ཀའི་བླང་བྱ་གཞིར་བཟུང་ནས།སྲིད་འཛིན་ཁོངས་གཏོགས་ས་ཁུལ་གྱིས་རྩ་འཛུགས་བྱས་པའི་དམངས་ཡོངས་ཉིང་སྐྱུར་བཤེར་འཇལ་གྱི་བྱ་བ་རང་འགུལ་ངང་དང་ལེན་བྱ་དགོས་ལ།ཡུལ་དངོས་རྩ་འཛུགས་མི་སྣའི་བཀོད་སྒྲིག་དང་ལེན་བྱ་དགོས།དུས་མཚམས་དབྱེ་བ་དང་དུམ་ཚན་དབྱེ་བའི་བཀོད་སྒྲིག་ལྟར་ངེས་གཏན་དཔེ་ལེན་ས་ཚིགས་སུ་བསྐྱོད་ནས་ཉིང་སྐྱུར་དཔེ་ལེན་བྱ་དགོས་ལ།སྨི2ཀྱི་བདེ་འཇགས་བར་ཐག་རྒྱུན་འཁྱོངས་བྱ་དགོས།དེ་ཡི་རིང་ལ་གང་འདོད་དུ་མི་རྒྱུག་པ་དང་།གང་འདོད་དུ་མི་འདུག་པ།ཁ་བཏུམ་ལེགས་པོར་རྒྱག་པ་བཅས་བྱས་ནས་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་བྱ་དགོས།འགྲོ་འོངས་སྟབས་བདེ་མིན་པ་དང་ཁྱིམ་སྡོད་ལོགས་བཀར་མི་སྣ་སོགས་ལ་སྐོར་སྐྱོད་དཔེ་ལེན་མི་སྣ་ཁྱིམ་ཚང་དུ་བསྐྱོད་དེ་དཔེ་ལེན་བྱ་དགོས་ལ།དཔེ་ལེན་མཇུག་བསྒྲིལ་རྗེས་འཕྲལ་དུ་ཕྱིར་ལོག་བྱ་དགོས།ཞིབ་བཤེར་བྱ་དགོས་པའི་རིགས་ལ་ཞིབ་བཤེར་གྱི་འགན་འཁྲི་ཐོན་པ་དང་།ཞིབ་བཤེར་བྱ་དགོས་པའི་རིགས་ལ་ངེས་པར་དུ་ཞིབ་བཤེར་བྱ་དགོས་ཤིང་།རིམས་ནད་མཆེད་སྤེལ་གྱི་ཉེན་ཁ་གཏན་འགོག་ཕན་འབྲས་ལྡན་པ་བྱ་དགོས།
རྫོང་ཐོག་ཏུ་ཡོང་མཁན(ཕྱིར་ལོག)གྱི་མི་སྣ་ཚང་མས་རང་འགུལ་ངང་ཐོ་འགོད་སྙན་ཞུ་མི་བྱེད་པ།རྫོང་ཡོངས་ཀྱི་རོང་འབྲོག(སྡོད་དམངས)མང་ཚོགས་ཀྱིས་རང་འགུལ་ངང་ས་ཁོངས་ཉིང་སྐྱུར་བཤེར་འཇལ་ནང་མ་ཞུགས་པར་རིམས་ནད་མཆེད་སྤེལ་བཏང་བའི་རིགས་ལ།བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་ཕོག་པར་བདའ་འདེད་ནན་མོ་གཏོང་རྒྱུ་ཡིན།
གུང་ཧོ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་
ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་
གཞུང་ལས་ཁང་།
2022ལོའི་ཟླ8ཚེས20ཉིན།
用户登录
还没有账号?
立即注册