共和县公安局关于集中开展道路交通秩序专项整治的通告(藏汉双文)
གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་གཅིག་བསྡུས་ངང་བཅོས་སྒྲིག་བྱེད་པའི་བརྡ་ཐོ།
རང་རེའི་རྫོང་གི་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་སྔར་བས་ཚད་ལྡན་དང་འགྲིམ་འགྲུལ་དོན་རྐྱེན་ལས་བྱུང་བའི་ཉེན་ཁ་ཡང་ན་གྱོང་གུད་ཇེ་ཉུང་དུ་གཏོང་ཆེད།འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་བྱས་ཏེ་དོན་རྐྱེན་བྱུང་ཚད་ཇེ་ཉུང་དང་ཚོད་འཛིན་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ནས།བདེ་འཇགས་དང་གོ་རིམ་ལྡན་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་འཛུགས་སྐྱོང་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ལག་བསྟར་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ།གུང་ཧོ་རྫོང་སྤྱི་བདེ་ཅུའུ་གྱིས་དེ་རིང་ནས་བཟུང་ཆབ་ཆ་གྲོང་བརྡལ་གྱི་གྲོང་ཁུལ་ཡོངས་སུ་གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་གཅིག་བསྡུས་ངང་བཅོས་སྒྲིག་བྱེད་རྒྱུ་ཡིན་པས་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།
གཅིགབཅོས་སྒྲིག་དུས་ཡུན།
2025ལོའི་ཟླ་8པའི་ཚེས་5ཉིན་ནས་བཟུང་ཡུན་རིང་ལ་བཅོས་སྒྲིག་བྱ་རྒྱུ།
གཉིས།བཅོས་སྒྲིག་གཙོ་གནད།
(གཅིག)འཛིན་བྱང་དང་འཁོར་རྟགས་འབྲེལ་ཡོད་ཀྱི་ཁྲིམས་འགལ་བྱ་སྤྱོད།
འཛིན་བྱང་དང་རླངས་འཁོར་ཨང་རྟགས་མེད་པ།ཨང་རྟགས་དངོས་པོས་གབ་པའམ་ཨང་རྟགས་རྫུན་མ་ཡིན་པ།འཛིན་བྱང་དང་རླངས་འཁོར་དུས་ལྟར་ཞིབ་བཤེར་བྱས་མེད་པ།ཡང་ན་འཛིན་བྱང་ཕྱིར་བླངས་པའམ་གནས་སྐབས་བཀག་ཉར་བྱས་པའི་དུས་སྐབས་སུ་རླངས་འཁོར་སྐོར་བ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་ངེས།
(གཉིས།)ཆང་གི་གཟི་བའམ་དུག་འཐེན་རྗེས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་བྱ་སྤྱོད།
ཆང་ཅུང་འཐུང་བ་ཡང་ན་གཟི་བ་ནས་རླངས་འཁོར་བསྐོར་བ།དུག་རྫས་འཐེན་རྗེས་རླངས་འཁོར་བསྐོར་བ་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་རིགས་ལ་ཞིབ་བཤེར་ནན་པོ་བྱེད་ངེས།
(གསུམ།)འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་གཞན་དག
༡.རླངས་འཁོར་རིགས་སྟེ།མྱུར་ཚད་ལས་བརྒལ་བ་ཡང་ན་མི་གྲངས་བརྒལ་བའམ་ཐེག་ཚད་ལས་བརྒལ་བ།ཁྲིམས་འགལ་ངང་ལམ་བསྒྱུར་བ།གཏན་འབེབས་ལྟར་མི་འགྲོ་བར་ལྡོག་ཕྱོགས་སུ་འགྲོ་བ།གཏན་འབེབས་ལྟར་གློག་འོད་མི་སྤྱོད་པ།ཟོག་འདྲེན་རླངས་འཁོར་སྡོད་དམངས་ཁུལ་གྱི་འགྲོ་ལམ་གཡས་གཡོན་དུ་གང་འདོད་དུ་འཇོག་པའམ་སྒྲིག་འགལ་ངང་རླངས་འཁོར་འཇོག་པ།ཞིང་སྤྱོད་རླངས་འཁོར་གྱིས་ཁྲིམས་འགལ་ངང་མི་སྐྱེལ་འདྲེན་བྱེད་པ།ཁ་ལོ་བ་དང་མགྲོན་པོས་གཏན་འབེབས་ལྟར་སྐྱོབ་ཐག་མི་སྤྱོད་པའི་རིགས།༢.གནས་ཚུལ་གཞན་དག།མི་རྣམས་རྒྱ་ལམ་སྟེང་གང་འདོད་དུ་སོང་ནས་མི་བརྒལ་སའི་འཕྲེད་ལམ་དུ་མི་འགྲོ་བ་མ་ཟད་རང་འདོད་དུ་ལམ་དཀྱིལ་གྱི་བར་བཅད་ལྕགས་ལས་བརྒལ་བ་སོགས་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་བྱ་སྤྱོད།
(བཞི།)སྦག་སྦག་གི་ཁྲིམས་འགལ་བྱ་སྤྱོད་རིགས་ལ་རྡུང་རྡེག་ནན་མོ་གཏོང་བའི་སྐོར།
སྒྲ་ཆེ་བའི་སྦག་སྦག་སྐོར་ནས་ཕན་ཚུན་ལ་ཟླ་འདེད་བྱེད་པ།སྦུག་ལམ(དུད་ཁུང་)གསར་དུ་བཅོས་སྒྲིག་བྱས་ནས་མི་རྣམས་ཀྱི་འཚོ་བ་བར་ཆད་བཟོ་བའི་རིགས།ཡང་ན་སྦག་སྦག་དང་ཟས་སྐྱེལ་གློག་རྟའི་རིགས་གློག་དམར་ལས་བརྒལ་ཏེ་འགྲིམ་འགྲུལ་བརྡ་རྟགས་ལ་བརྩི་སྲུང་མི་བྱེད་པ་དང་།གང་འདོད་དུ་རྒྱ་ལམ་འཕྲེད་བརྒལ་བྱེད་པ་སོགས་སྒྲིག་འགལ་གྱི་རིགས།ཡང་ན་སྦག་སྦག་གིས་ཁྲིམས་འགལ་ངང་མི་སྐྱེལ་འདྲེན་བྱེད་པའམ་གཏན་འབེབས་ལྟར་བདེ་འཇགས་ཞྭ་མོ་མ་གྱོན་པ།གཏན་འབེབས་ལྟར་འཁོར་ལམ་དུ་མི་སྐྱོད་པའམ་ལྡོག་པར་སྐྱོད་པ།སྒྲིག་འགལ་ངང་གང་སར་འཇོག་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་ངེས།
གསུམ།བཅོས་སྒྲིག་བྱེད་ཐབས།
འགྲིམ་འགྲུལ་བདེ་འཇགས་དང་འགལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་གཅོད་ནན་མོ་བྱ་རྒྱུ། ཁྲིམས་འཛིན་ལ་འགོག་རྐྱེན་བཟོ་བ་དང་དྲག་ཤུགས་ཀྱིས་ཁྲིམས་ལ་འགོག་རྒོལ་བྱེད་མཁན་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱ་རྒྱུ་མ་ཟད་ད་དུང་བརྙན་འཕྲིན་དང་དྲ་ལམ་ནས་ཡང་འགྲིམ་འགྲུལ་བདེ་འཇགས་དང་འགལ་བའི་དཔེ་མཚོན་གྱི་གྱོད་དཔེར་བཟུང་ནས་ཐེར་འདོན་བྱ་རྒྱུ་ཡིན། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་རང་རྟོགས་ངང་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱས་ཏེ་རང་དང་གཞན་གྱི་ཚེ་སྲོག་ལ་གཅེས་སྤྲས་བྱས་ནས་བདེ་འཇགས་ངང་འགྲོ་སྐྱོད་བྱེད་རྒྱུ་གལ་ཆེ།རང་ཉིད་ནས་མགོ་བརྩམས་ཏེ་བདེ་འཇཊ་དང་དཔལ་ཡོན།འཆམ་མཐུན་གྱི་གྲོང་ཁྱེར་གསར་བ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས།
ཆེད་དུ་བརྡ་བསྒྲགས།
གུང་ཧོ་རྫོང་སྤྱི་བདེ་ཅུའུ།
2025ལོའི་ཟླ་8པའི་ཚེས་5ཉིན།
用户登录
还没有账号?
立即注册