中央人民政府 青海省人民政府 海南州人民政府
智能机器人
站群导航

海南州人民政府

政府工作部门

各县政府

您的位置: 首页 >新闻动态>通知公告>详细内容

关于海南辖区青海湖旅游专用公路区间测速设备试运行公告(藏汉双语)

来源:共和公安 发布时间:2024-07-02 10:10:11 浏览次数: 【字体:
关于海南辖区青海湖旅游专用公路区间测速设备试运行公告

   

青海湖旅游专用公路扩建工程于2024年6月1日完成并试通车,全长50公里。因毗邻全国著名青海湖5A景区,该道路通行流量极大,且该路段内平交路口较多,车辆随意掉头、行人、牛羊横穿公路和车辆超速行驶极易引发道路交通事故。为维护道路交通安全秩序,预防和减少道路交通事故,确保辖区道路交通安全,进一步加强对上述路段和车流的动态监管,依据《中华人民共和国道路交通安全法》《公安部道路交通安全违法行为处理程序规定》等相关法律法规,决定利用道路监控对部分路段区间内超速行驶行为采取非现场电子抓拍处罚,现将有关事宜公告如下:


一、试运行时间
2024年7月1日至7月20日
二、正式启用时间
2024年7月21日


三、测速抓拍路段

测速点

测速类型

方向

限速值

26KM+300M

单点测速

双向

大型汽车60km/h

小型汽车

60km/h

46KM+400M

单点测速

双向

大型汽车60km/h

小型汽车

60km/h

K26KM+300M-46KM+400M

区间测速

双向

大型汽车60km/h

小型汽车

60km/h


2024年7月1日起上述点位的执法设备进入试运行阶段,试运行期为20天。2024年7月21日将正式启用并转入执法管理中。请广大交通参与者自觉遵守交通法规,共同创造安全、畅通的交通环境。
 特此公告。
海南州公安局交通警察支队

                    2024年7月1日

མཚོ་ལྷོ་ཁུལ་ཁོངས་གཏོགས་གྱི་མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་སྟེང་དུ་མྱུར་ཚད་ཚོད་འཛིན་བྱེད་འགོ་འཛུགས་རྒྱུའི་སྐོར་གྱི་བརྡ་ཁྱབ།    

      

མཚོ་ལྷོ་ཁུལ་ཁོངས་གཏོགས་ཀྱི་མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་རྒྱས་སྐྲུན་ལས་གྲྭ2024ལོའི་ཟླ6པའི་ཚེས1ཉིན་འགྲུབ་ཚར་པར་མ་ཟད་ཚོད་ལྟ་རང་བཞིན་གྱིས་རླངས་འཁོར་བགྲོད་མགོ་བརྩམས། ལམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ50ཡོད། རྒྱལ་ཡོངས་སུ་མིང་དུ་གྲགས་པའི5Aརིམ་པའི་མཛེས་ལྗོངས་ཁུལ་སྟེ།  མཚོ་སྔོན་པོ་དང་མཐའ་འབྲེལ་ནས་ཡོད་པས།  ལམ་འདིའི་སྟེང་གི་འཁོར་རིགས་ཤར་བགྲོད་ཀྱི་ཚད་ཧ་ཅང་མཐོ་བ་མ་ཟད་སྙོམས་སྣོལ་ལམ་མདོ་ཡང་ཅུང་མང་། དེ་ལས་གཞན་ལམ་འདིའི་སྟེང་དུ་རླངས་འཁོར་གང་འདོད་དུ་ཁ་ཕྱིར་འཁོར་བ།  རྐང་ཐང་པ་དང་ནོར་ལུག་སོགས་གཞུང་ལམ་འཕྲེད་དུ་བརྒལ་བ།    རླངས་འཁོར་མྱུར་ཚད་ལས་བརྒལ་བ་བཅས་ཀྱི་རྐྱེན་བྱས་དེ་བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་ཡང་འབྱུང་སླ་བོར་འདུག།    དེ་བས།  བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྒྲིག་ལམ་ལ་སྲུང་སྐྱོང་དང་ལམ་འདིར་བགྲོད་མཁན་གྱི་རླངས་འཁོར་དག་གི་འཁོར་རྒྱུག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེར་གཏོང་།  བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཡོང་བར་འགན་ལེན་ཡག་པོ་བྱེད་པ།  བགྲོད་ལམ་འགྲིམ་འགྲུལ་ཆག་སྒོ་སྔོན་འགོག་དང་ཉུང་དུ་གཏོང་བ་བཅས་བྱ་ཆེད།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས།》དང་《སྤྱི་བདེ་པུའུ་ཡི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་གོ་རིམ་གཏན་འབེབས།》ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར།  ལམ་ཁག་ཅིག་ནས་གློག་རྡུལ་ལྟ་སྐུལ་ཚོད་འཛིན་བརྙན་མིག་སྤྱད་དེ་རླངས་འཁོར་དག་མྱུར་ཚད་ལས་བརྒལ་བའི་བྱ་སྤྱོད་ལ་པར་བླངས་ནས་ཆད་པ་གཅོད་རྒྱུ་གཏན་ཁེལ་བྱས་པ་ཡིན་ལ།  འབྲེལ་ཡོད་གཏན་ཁེལ་སྤྱི་བསྒྲགས་བྱས་པ་གཤམ་གསལ།    

གཅིག  མྱུར་ཚད་ཚད་ལེན་ཚོད་ལྟའི་དུས་ཚོད།   

2024ལོའི་ཟླ7པའི་ཚེས1ཉིན་ནས་ཟླ7པའི་ཚེས20ཉིན་བར།    

གཉིས།  མྱུར་ཚད་ཚད་ལེན་དངོས་སུ་འགོ་ཚུགས་པའི་དུས་ཚོད།  

2024ལོའི་ཟླ7པའི་ཚེས21ཉིན།   

གསུམ། མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་གྱི་མྱུར་ཚད་ཚད་ལེན་ས་གནས་དང་ལམ་དུམ།

མྱུར་ཚད་ཚད་ལེན་ས་གནས།

མྱུར་ཚད་ཚད་ལེན་གྱི་རིགས།

ཁ་ཕྱོགས།

མྱུར་ཚད་ཚད་གྲངས།

སྤྱི་ལེ26དང་སྨི300ཡི་མཚམས།

གནས་གཅིག་ཚད་ལེན།

ཕྱོགས་གཉིས།

རླངས་འཁོར་ཆེ་བ།60km/h

རླངས་འཁོར་ཆུང་བ།60km/h

སྤྱི་ལེ46དང་སྨི400ཡི་མཚམས།

གནས་གཅིག་ཚད་ལེན།

ཕྱོགས་གཉིས།

རླངས་འཁོར་ཆེ་བ།60km/h

རླངས་འཁོར་ཆུང་བ།60km/h

སྤྱི་ལེ26དང་སྨི300ནས་སྤྱི་ལེ46དང་སྨི400ཡི་བར།

བར་མཚམས་ཚད་ལེན།

ཕྱོགས་གཉིས།

རླངས་འཁོར་ཆེ་བ།60km/h

རླངས་འཁོར་ཆུང་བ།60km/h


2024ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་གོང་གསལ་གྱི་ས་གནས་དག་གི་གློག་རྡུལ་ལྟ་སྐུལ་བརྙན་མིག་ཚོད་ལྟ་རང་བཞིན་གྱིས་སྤྱོད་འགོ་འཛུགས་རྒྱུ་ཡིན་ལ། ཚོད་ལྟ་བྱེད་ཡུན་ཉིན20ཡིན། 2024ལོའི་ཟླ7པའི་ཚེས21ཉིན་ནས་བཟུང་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་ཡིན་པས།  རྒྱ་ཆེའི་འགྲིམ་འགྲུལ་གསབ་ཞུག་པ་རྣམས་ཀྱིས་རང་རྟོག་ངང་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་བསྲུང་བྱས་ནས།  མཉམ་དུ་བདེ་འཇགས་དང་ཤར་བགྲོད་ཐུབ་པའི་འགྲིམ་འགྲུལ་ཁོར་ཡུག་ཅིག་བསྐྲུན་པར་འབད་རོགས།

མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ནས།    

2024ལོའི་ཟླ7པའི་ཚེས1ཉིན་ལ།


分享到:
【打印正文】
×

用户登录