全县广大干部群众:
亲爱的朋友们,你们辛苦了!为了家乡的建设,你们不辞辛劳,积极投身于共和县的建设事业,为这座城市的繁荣美丽贡献了自己的力量。共和县的今日辉煌离不开你们的辛勤耕耘,它的明日发展更需要你们的踊跃参与!在此,我们衷心感谢广大的农牧民朋友为这座美丽县城的经济发展和城市建设所付出的努力。
就业乃民生之本,亦是幸福之源。县委、县政府高度重视农牧区劳动力转移就业工作,在拓宽农牧民朋友就业渠道、稳定增加收入方面狠下功夫,制定了《共和县农牧区劳动力转移就业奖励办法》。让农牧民朋友们在创业和外出务工的道路上大步前行,没有后顾之忧;让致富带头人、劳务经济人、劳务派遣机构带领广大农牧民朋友们踏上务工增收的道路;让各项目用工单位提高本地用工比例,实现就近就业、就近增收。希望各经营性人力资源服务公司、劳务派遣公司、各项目主管单位、各乡镇紧盯农牧民群众就业需求和市场需要,主动变压力为动力,鼓励企业吸纳本地劳动力;各外出务工和创业朋友们始终不忘故乡情、不忘归乡路,以只争朝夕的精神面貌干事创业,以斗志昂扬的蓬勃劲头擘画人生壮美画卷、展现共和儿女优秀风采。
衷心祝愿老乡朋友们福暖四季、顺遂安康! 现将奖励办法有关条款介绍如下:
一、奖励对象
(一)共和县农牧区劳动力(男性年满16周岁不满60周岁,女性年满16周岁不满55周岁);
(二)外出创业个体工商户或个人自主创业人员;
(三)劳务经纪人、致富带头人;
(四)经营性人力资源服务公司、劳务派遣公司;
(五)各项目建设主管单位;
(六)各乡镇人民政府。
二、奖励措施
(一)对自主外出(含自主创业)实现县域内、州内跨县、省内跨州、省外转移就业连续6个月以上(含6个月)的人员(含个体工商户),分别按照每人每年300元、500元、1000元、2000元的标准予以奖励。对脱贫户和监测户转移就业人员在实现县域内、州内跨县、省内跨州、省外转移就业奖励的基础上分别增加200元、300元、500元、1000元。
(二)在县人力资源和社会保障局注册的经营性人力资源服务公司和劳务派遣公司,在县就业服务局备案的致富带头人、劳务经纪人组织带领共和县农牧区劳动力转移就业的,实现县域内、州内跨县、省内跨州、省外转移就业连续6个月以上(含6个月)的,分别按照每转移1人50元、100元、300元、500元的标准予以奖励。对组织带领脱贫户和监测户实现县域内、州内跨县、省内跨州、省外转移就业的,在上述奖励的基础上按照每转移1人分别增加30元、50元、80元、100元。
(三)各项目建设主管单位实施建设项目吸纳我县农牧区劳动力比例达50%以上的,按实际转移就业人数,对排名第一、第二、第三的项目建设主管单位分别予以2万元、1.5万元、1万元的奖励。
(四)各乡镇人民政府积极参与转移就业成效显著,在完成年度目标任务前提下,按实际转移就业人数,对排名第一、第二、第三的乡镇分别予以2万元、1.5万元、1万元的奖励。
三、申报程序
(一)符合奖励条件的自主转移就业人员到县就业服务局提交申请,并提供以下资料:
1.本人身份证复印件;
2.户口簿复印件;
3.社保卡(须开通金融功能)复印件;
4.在企业及个体工商户就业的,需提供就业期间的劳动合同(工资发放表)、养老保险缴费凭证、工资银行卡流水等原件或复印件(电子凭证打印件)其中任意一项即可。无法提供上述资料的由用人单位出具证明或村“两委”出具书面证明并附个人承诺书;
5.填写《奖励资金审批表》。
(二)符合奖励条件的自主创业人员到县就业服务局提交申请,并提供以下资料:
1.本人身份证复印件;
2.户口簿复印件;
3.社保卡(须开通金融功能)复印件;
4.营业执照复印件;
5.纳税证明(未达到起征点的经营商户应提供税务部门出具的核定通知书);
6.填写《奖励资金审批表》。
(三)符合奖励条件的劳务经纪人、致富带头人、经营性人力资源服务公司和劳务派遣公司到县就业服务局提出申请,并提供以下资料:
1.经营性人力资源服务公司、劳务派遣公司需提供人力资源服务许可证(劳务派遣经营许可证);
2.劳务经纪人需提供劳务经纪人证;
3.致富带头人需提供本人身份证复印件及户口簿复印件;
4.劳务经纪人、致富带头人需提供社保卡(须开通金融功能)复印件,经营性人力资源服务公司和劳务派遣公司需提供公司银行账户;
5.组织带领实现就业的人员花名册;
6.与外出人员签订的劳务协议(劳务合同);
7.与企业(单位)签订的劳务协议(劳务合同);
8.填写《奖励资金审批表》。
四、注意事项
(一)有下列情形之一,不予奖励:
1.在提供相关材料过程中弄虚作假的;
2.务工期间通过不正当手段(涉嫌欺诈、恶意讨薪等)或违法获得收入的;
3.通过政府安置并且仍然在职的人员(如光伏公益性岗位人员、林管员、草管员等);
4.稳定就业时间不连续的人员;
5.不按程序申报的人员;
6.其他不符合政策规定的。
(二)自主转移就业人员(自主创业人员)、劳务经纪人、致富带头人、经营性人力资源服务公司和劳务派遣公司通过不正当手段骗取转移就业奖励资金行为的,在追回发放奖励资金的同时,追究其相关责任,移交司法机关追究其法律责任。
(三)各乡镇、各部门奖励资金仅限于补充公用经费,不得发放给个人。
རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམ་པ།
སྙིང་ཉེ་བའི་གྲོགས་པོ་རྣམ་པ།ཁྱེད་ཚོས་དཀའ་ལས་མྱངས་སོང་།ཕ་ཡུལ་འཛུགས་སྐྲུན་བྱེད་ཆེད་ཁྱེད་ཚོས་དཀའ་སྤྱད་མ་འཛེམས་པར་གུང་ཧོའི་འཛུགས་སྐྲུན་བྱ་གཞག་ནང་ཧུར་ཞུགས་བྱས་ཏེ་གྲོང་ཁྱེར་འདིའི་དར་རྒྱས་དང་མཛེས་སྡུག་ཐད་རང་ཉིད་ཀྱི་ནུས་ཤུགས་བཏོན།གུང་ཧོ་རྫོང་གི་ད་ལྟའི་མཚར་སྡུག་འོད་སྟོང་འབར་བའི་གྲུབ་འབྲས་འདི་ནི་ཁྱེད་ཚོའི་དཀའ་སྤྱད་འབད་བརྩོན་དང་འབྲལ་ཐབས་མེད་ལ།མ་འོངས་པའི་འཕེལ་རྒྱས་ཕྱོགས་ལའང་ཁྱེད་ཚོ་མུ་མཐུད་དུ་ཧུར་ཞུགས་བྱེད་དགོས་པས།འདིར་ང་ཚོས་རྒྱ་ཆེའི་རོང་འབྲོག་གྲོགས་པོ་ཚོས་མཛེས་སྡུག་ལྡན་པའི་རྫོང་གྲོང་འདིའི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་ཐད་འབད་བརྩོན་གནང་བར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་བ་ཡིན།ལས་ཞུགས་ནི་དམངས་འཚོའི་གཞི་རྩ་ཡིན་ལ་བདེ་སྐྱིད་ཀྱི་འབྱུང་ཁུངས་ཀྱང་ཡིན།རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་ངལ་རྩོལ་པའི་ལས་ཞུགས་ལས་དོན་ལ་མཐོང་ཆེན་བྱས་ནས།རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་ཡོང་འབབ་བརྟན་འཕར་བྱེད་པར་ཧུར་བརྩོན་བྱས་ཏེ། 《གུང་ཧོ་རྫོང་གི་རོང་འབྲོག་ཁུལ་གྱི་ངལ་རྩོལ་པའི་ལས་ཞུགས་བྱ་དགའི་སྤྲོད་ཐབས》ཞེས་པ་གཏན་འབེབས་བྱས། བྱ་དགའ་སྤྲོད་ཐབས་འདིས་རོང་འབྲོག་མང་ཚོགས་ཀྱིས་ལས་གཏོད་བྱེད་པ་དང་ཞོར་ལས་སུ་འགྲོ་བར་རྒྱབ་སྐྱོར་གང་ལེགས་བྱེད་པ་དང་།ཕྱུག་འགྱུར་སྣེ་ཁྲིད་པ་དང་ངལ་རྩོལ་ལས་གཉེར་བ།ངལ་ལས་མངགས་གཏོང་ལས་ཁུངས་བཅས་ཀྱིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ཞོར་ལས་ཀྱི་ལམ་དུ་ཁྲིད་དེ་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་།རྣམ་གྲངས་ལག་བསྟར་ལས་ཁུངས་ཀྱིས་ས་གནས་ཀྱི་ངལ་རྩོལ་པ་བཀོལ་བའི་བསྡུར་ཚད་ཇེ་མཐོར་བཏང་སྟེ། ས་གནས་ཉེ་འཁོར་ནས་ལས་ཞུགས་དང་ཡོང་སྒོ་འཕར་བ་མངོན་འགྱུར་བྱེད་པ།རེ་བ་ཡིན་ན།རིགས་སོ་སོའི་ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཀུང་སི་དང་། ངལ་ལས་ཕྱིར་གཏོང་ཀུང་སི། རྣམ་གྲངས་སྣ་ཚོགས་ཀྱི་གཙོ་སྐྱོང་ལས་ཁུངས།རིམ་པ་སོ་སོའི་ཞང་དང་གྲོང་རྡལ་བཅས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དགོས་མཁོ་དང་ཚོང་རའི་དགོས་མཁོ་ལ་དམིགས་ནས། ཁེ་ལས་ཀྱིས་ས་གནས་ཀྱི་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱེད་པར་སྐུལ་སློང་གཏོང་བ་དང་།ཕྱིར་ཞོར་ལས་སུ་སོང་བའི་ངལ་རྩོལ་པ་དང་ལས་གཏོད་པ་རྣམས་ཀྱིས་ཀྱང་ཕ་ཡུལ་ལ་བཅངས་བའི་བརྩེ་སེམས་མི་འདོར་པར་གསེར་ལས་ལྷག་པའི་དུས་ཚོད་དམ་འཛིན་བྱེད་ཅིང་། འབད་འབུངས་ཧུར་ཐག་གི་བརྩོན་སེམས་ཡིད་ལ་བཟུང་ནས་གུང་ཧོའི་མ་འོངས་པའི་འཕེལ་རྒྱས་ཐད་ནུས་ཤུགས་འདོན་དགོས།ལྷག་བསམ་རྣམ་དག་གིས་ཡུལ་མི་སྤུན་ཟླ་རྣམས་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་པ་དང་བཀྲ་ཤིས་བདེ་ལེགས་ཡོང་བར་ཞུ། ཞོལ་ནས་བྱ་དགའ་སྤྲོད་ཐབས་ཀྱི་འབྲེལ་ཡོད་དོན་ཚན་ངོ་སྤྲོད་བྱས་པ་ནི་གཤམ་གསལ་ལྟར་ཏེ།དང་པོ། བྱ་དགའི་སྤྲོད་ཡུལ།(གཅིག)གུང་ཧོ་རྫོང་གི་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ།(ཕོ་ནི་ལོ16ཡན་ནས་ལོ60མན་དང་། མོ་ནི་ལོ16ཡན་ནས་ལོ55མན།)(གཉིས།)ཕྱི་རུ་ཞོར་ལས་སུ་སོང་བའི་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་དང་མི་སྒེར་རང་བརྟེན་ལས་གཏོད་མི་སྣ།(གསུམ།)ངལ་རྩོལ་ལས་གཉེར་མཁན། ཕྱུག་འགྱུར་སྣེ་ཁྲིད་པ།(བཞི།)ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཀུང་སི་དང། ངལ་ལས་མངགས་གཏོང་ཀུང་སི།(ལྔ།)རྣམ་གྲངས་རིགས་སོ་སོའི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག།(དྲུག) རིམ་སོ་སོའི་ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང།གཉིས་པ། བྱ་དགའ་སྤྲོད་ཐབས། (གཅིག)མི་སྒེར་ཕྱིར་ཞོར་ལས་སུ་སོང(རང་བརྟེན་ལས་གཏོད་པའང་དེ་རུ་གཏོགས)ནས་རྫོང་ནང་ཁུལ་དང་། ཁུལ་ནང་ཁུལ་ནས་རྫོང་ཁག་བརྒལ་བ། ཞིང་ཆེན་ནང་ཁུལ་ནས་ཁུལ་བརྒལ་བ། ཡང་ན་ཞིང་ཆེན་ཕྱི་ནས་བསྟུད་མར་ཟླ་བ6ཡན་ལས་ཞུགས་བྱས་པའི་མི་སྣ(ཁེར་གཉེར་བཟོ་ཚོང་ཁྱིམ་དུད)ལ་མི་རེ་ལ་ལོ་རེར་སྒོར300། སྒོར500། སྒོར1000། སྒོར2000བཅས་ཀྱི་ཚད་གཞི་ལྟར་བྱ་དགའ་སྤྲོད་ངེས་ཡིན། དབུལ་ཐར་ཁྱིམ་ཚང་དང་ལྟ་རྟོག་ཁྱིམ་ཚང་གི་ལས་ཞུགས་མི་སྣ་རྫོང་ནང་ཁུལ་དང་། ཁུལ་ནང་ཁུལ་ནས་རྫོང་ཁག་བརྒལ་བ། ཞིང་ཆེན་ནང་ཁུལ་ནས་ཁུལ་བརྒལ་བ། ཡང་ན་ཞིང་ཆེན་ཕྱི་ནས་ལས་ཞུགས་བྱེད་པར་གོང་གསལ་བྱ་དགའི་རྨང་གཞིའི་སྟེང་རིམ་པ་བཞིན་སྒོར200དང་།སྒོར300།སྒོར500།སྒོར1000བཅས་ཁ་སྣོན་བྱ་རྒྱུ་ཡིན།
(གཉིས།)རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་རུ་ཐོ་འགོད་བྱས་པའི་ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཀུང་སི་དང་ངལ་ལས་མངགས་གཏོང་ཀུང་སི། རྫོང་ལས་ཞུགས་ཞབས་ཞུ་ཅུའུ་རུ་ཐོ་འགོད་བྱས་པའི་ཕྱུག་འགྱུར་སྣེ་ཁྲིད་པ་དང་།ངལ་རྩོལ་ལས་གཉེར་མཁན་བཅས་ཀྱིས་གུང་ཧོ་རྫོང་གི་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་རྩ་འཛུགས་བྱས་ནས་ལས་ཞུགས་བྱས་ཤིང་། རྫོང་ནང་ཁུལ་ལམ་ཁུལ་ནང་ཁུལ་ནས་རྫོང་ཁག་བརྒལ་བ། ཞིང་ཆེན་ནང་ཁུལ་ནས་ཁུལ་བརྒལ་བ། ཡང་ན་ཞིང་ཆེན་ཕྱི་ནས་བསྟུད་མར་ཟླ་བ6ཡན་ལས་ཞུགས་བྱས་པར(ཟླ་བ6ཡང་ནང་དུ་འདུས)ངལ་རྩོལ་པ་གཅིག་ཕྱི་འདྲེན་ལས་ཞུགས་བྱས་ན་སྒོར50དང་། སྒོར100། སྒོར300། སྒོར500བཅས་ཀྱི་ཚད་གཞི་ལྟར་བྱ་དགའ་སྟེར་རྒྱུ་ཡིན། དབུལ་ཐར་ཁྱིམ་ཚང་དང་ལྟ་རྟོག་ཁྱིམ་ཚང་གི་ངལ་རྩོལ་མི་སྣ་རྩ་འཛུགས་བྱས་ནས་རྫོང་ནང་ཁུལ་དང་། ཁུལ་ནང་ཁུལ་ནས་རྫོང་ཁག་བརྒལ་བ། ཞིང་ཆེན་ནང་ཁུལ་ནས་ཁུལ་བརྒལ་བ། ཡང་ན་ཞིང་ཆེན་ཕྱི་ནས་ལས་ཞུགས་བྱས་པར་གོང་གསལ་གྱི་བྱ་དགའི་རྨང་གཞིའི་སྟེང་རིམ་བཞིན་མི་རེར་སྒོར30དང་། སྒོར50། སྒོར80། སྒོར100བཅས་ཁ་སྣོན་བྱ་རྒྱུ་ཡིན།
(གསུམ།)རྣམ་གྲངས་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རྣམ་གྲངས་ལག་བསྟར་ཁྲོད་རང་རྫོང་གི་རོང་འབྲོག་ངལ་རྩོལ་པ་བསྡུ་ལེན་བྱས་པའི་བསྡུར་ཚད50%ཡན་ཟིན་ན། ལས་ཞུགས་བྱས་པའི་མི་གྲངས་ཀྱི་མང་ཉུང་ལྟར། ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་སྒོར་ཁྲི2དང་། སྒོར་ཁྲི1.5། སྒོར་ཁྲི1བཅས་ཀྱི་བྱ་དགའ་ཡོད།(བཞི།)ཞང་དང་གྲོང་རྡལ་ཁག་གི་མི་དམངས་སྲིད་གཞུང་གིས་ལས་ཞུགས་གྲུབ་འབྲས་མངོན་གསལ་ཡིན་ཞིང་། ལོ་ནང་གི་དམིགས་གཞིའི་འགན་ཁུར་ལེགས་འགྲུབ་བྱུང་བའི་ཆ་རྐྱེན་འོག ལས་ཞུགས་བྱས་པའི་མི་གྲངས་ཀྱི་མང་ཉུང་ལྟར་ཨང་དང་པོ་དང་གཉིས་པ་གསུམ་པ་ཟིན་པའི་ཞང་དང་གྲོང་རྡལ་ལ་སྒོར་ཁྲི2དང་། སྒོར་ཁྲི1.5། སྒོར་ཁྲི1བཅས་ཀྱི་བྱ་དགའ་ཡོད།(གཅིག)བྱ་དགའ་སྟེར་བའི་ཆ་རྐྱེན་འཛོམས་པའི་རང་བརྟེན་ལས་ཞུགས་མི་སྣ་ཡིས་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ལ་རེ་ཞུ་བྱེད་དགོས་པར་མ་ཟད། གཤམ་གྱི་རྒྱུ་ཆ་དག་མཁོ་འདོན་བྱ་དགོས།1.རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར།3.སྤྱི་ཚོགས་འགན་སྲུང་དངུལ་བྱང་གི(ངེས་པར་དུ་དངུལ་སྤྲོད་ཐུབ་པར་བྱ་དགོས)བསྐྱར་དཔར།4.ཁེ་ལས་དང་ཁེར་གཉེར་བཟོ་ཚོང་ཁྱིམ་དུད་དུ་ལས་ཞུགས་བྱེད་མཁན་གྱིས་ལས་ཞུགས་སྐབས་ཀྱི་ངལ་རྩོལ་གན་རྒྱ(གླ་ཕོགས་ཀྱི་རེའུ་མིག)དང་རྒན་གསོའི་འགན་ལེན་གྲོན་དངུལ་འཇལ་བའི་དཔང་ཡིག གླ་ཕོགས་བརྒྱབ་པའི་དངུལ་བྱང་གི་རྒྱུན་འཁོར་རྩིས་ཐོ་སོགས་ཀྱི་མ་ཡིག་གམ་བསྐྱར་དཔར(གློག་རྡུལ་དཔང་ཡིག་གི་བསྐྱར་དཔར)ལས་གང་རུང་ཞིག་མཁོ་སྤྲོད་བྱས་ཆོག གོང་གི་དཔྱད་གཞིའི་ཡི་གེ་དེ་དག་སྤྲོད་མི་ཐུབ་པ་དག་གིས་ལས་ཀ་གཉེར་སའི་སྡེ་ཁག་གི་བདེན་དཔང་ཡི་གེ་དང་།ཡང་ན་སྡེ་བའི་ཨུ་གཉིས་ཀྱི་ཡིག་ཐོག་གི་བདེན་དཔང་ཡི་གེ་འདོན་དགོས་པར་མ་ཟད། མི་སྒེར་གྱི་དམ་བཅའ་ཡི་གེའང་ཟུར་དུ་འགོད་དགོས།5.《བྱ་དགའི་མ་དངུལ་མཆན་འགོད་རེའུ་མིག》འབྲི་དགོས།(གཉིས།)བྱ་དགའ་སྟེར་བའི་ཆ་རྐྱེན་འཛོམས་པའི་རང་བརྟེན་ལས་གཏོད་མི་སྣས་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ལ་རེ་ཞུ་འདོན་པར་མ་ཟད། གཤམ་གྱི་རྒྱུ་ཆ་དག་མཁོ་འདོན་བྱ་དགོས།1.རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར།3.སྤྱི་ཚོགས་འགན་སྲུང་དངུལ་བྱང་གི(ངེས་པར་དུ་དངུལ་སྤྲོད་ཐུབ་པར་བྱ་དགོས)བསྐྱར་དཔར།4.ཚོང་གཉེར་དཔང་ཡིག་གི་བསྐྱར་དཔར།5.ཁྲལ་འཇལ་བདེན་དཔང་ཡི་གེ(ཁྲལ་འཇལ་ཚད་གཞི་ལ་ཐོན་མེད་པའི་ཚོང་གཉེར་པས་ཁྲལ་དོན་སྡེ་ཁག་གིས་སྤྲད་པའི་ཞིབ་བཤེར་གཏན་འབེབས་ཀྱི་བརྡ་ཐོ་འདོན་སྤྲོད་བྱ་དགོས།)6.《བྱ་དགའི་མ་དངུལ་མཆན་འགོད་རེའུ་མིག》འབྲི་དགོས།(གསུམ།)བྱ་དགའ་སྤྲོད་པའི་ཆ་རྐྱེན་དང་མཐུན་པའི་ངལ་རྩོལ་ལས་གཉེར་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ། ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཀུང་སི།ངལ་ལས་མངགས་གཏོང་ཀུང་སི་བཅས་ཀྱིས་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ལ་རེ་ཞུ་བྱེད་དགོས་པར་མ་ཟད། གཤམ་གསལ་གྱི་རྒྱུ་ཆ་འདོན་སྤྲོད་བྱ་དགོས།1.ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཀུང་སི་དང་ངལ་ལས་མངགས་གཏོང་ཀུང་སི་ཡིས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཆོག་མཆན་ཡི་གེ་འདོན་སྤྲོད་བྱ་དགོས།(ངལ་ལས་མངགས་གཏོང་ལས་གཉེར་ཆོག་མཆན་ཡི་གེ)2.ངལ་རྩོལ་ལས་གཉེར་མཁན་གྱིས་ངལ་རྩོལ་ལས་གཉེར་དཔང་ཡིག་འདོན་སྤྲོད་བྱ་དགོས།3.ཕྱུག་འགྱུར་སྣེ་ཁྲིད་པས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོའི་བསྐྱར་དཔར་འདོན་སྤྲོད་བྱ་དགོས།4.ངལ་རྩོལ་ལས་གཉེར་མཁན་དང་ཕྱུག་འགྱུར་སྣེ་ཁྲིད་པས་སྤྱི་ཚོགས་འགན་སྲུང་དངུལ་བྱང་གི(ངེས་པར་དུ་དངུལ་སྤྲོད་ཐུབ་པར་བྱ་དགོས)བསྐྱར་དཔར་འདོན་སྤྲོད་བྱེད་དགོས་པ་དང་། ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཀུང་སི་དང་ངལ་ལས་མངགས་གཏོང་ཀུང་སིས་ཀུང་སིའི་དངུལ་ཁང་གི་རྩིས་ཐོ་འདོན་སྤྲོད་བྱ་དགོས།5.རྩ་འཛུགས་བྱས་པའི་ལས་ཞུགས་མི་སྣའི་མིང་ཐོ་འདོན་སྤྲོད་བྱ་དགོས།6.ཕྱི་རུ་འགྲོ་བའི་མི་སྣ་བར་བྲིས་པའི་གྲོས་མཐུན་ཡི་གེ(ངལ་རྩོལ་གན་རྒྱ།)7.ཁེ་ལས(སྡེ་ཁག)བར་བཞག་པའི་ངལ་རྩོལ་གྲོས་མཐུན་ཡི་གེ(ངལ་རྩོལ་གན་རྒྱ།)8.《བྱ་དགའི་མ་དངུལ་མཆན་འགོད་རེའུ་མིག》འབྲི་དགོས།(གཅིག)གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་བྱ་དགའ་མི་སྟེར།1.འབྲེལ་ཡོད་རྒྱུ་ཆ་འདོན་སྤྲོད་བྱེད་པའི་གོ་རིམ་ཁྲོད་རྫུན་བཟོ་བྱས་པའི་རིགས།2.ལས་ཀ་བྱེད་པའི་སྐབས་ཚུལ་མིན་གྱི་བྱེད་ཐབས(མགོ་སྐོར་གཏོང་བའམ་བསམ་ངན་བཅངས་ནས་གླ་ཕོགས་ལེན་པ་སོགས་ཀྱི་དོགས་གཞི་ཡོད་པ)ལ་བརྟེན་ནས་ཡོང་འབབ་ལེན་པ། ཡང་ན་ཁྲིམས་འགལ་སྒོས་ཡོང་འབབ་ལེན་པའི་རིགས།3.སྲིད་གཞུང་གིས་བཀོད་སྒྲིག་བྱས་ཤིང་མིག་སྔར་ད་དུང་ལས་གནས་ཐོག་ཡོད་པའི་མི་སྣ།(དཔེར་ན་འོད་ནུས་སྤྱི་ཕན་ལས་རྐང་དང་། ནགས་སྲུང་། རྩྭ་སྲུང་སོགས།)4.ལས་ཞུགས་ཀྱི་དུས་ཡུན་རྒྱུན་མཐུད་གཏན་འཇགས་མིན་པའི་མི་སྣ།5.གོ་རིམ་ལྟར་སྙན་ཞུ་མི་སྒྲུབ་པའི་མི་སྣ།6.སྲིད་ཇུས་ཀྱི་གཏན་འབེབས་དང་མི་མཐུན་པའི་རིགས་གཞན་དག(གཉིས།)རང་བརྟེན་ལས་ཞུགས་ཀྱི་མི་སྣ(རང་བརྟེན་ལས་གཏོད་མི་སྣ)དང་།ངལ་རྩོལ་ལས་གཉེར་མཁན། ཕྱུག་འགྱུར་སྣེ་ཁྲིད་པ། ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ཀུང་སི། ངལ་ལས་མངགས་གཏོང་ཀུང་སི་བཅས་ཀྱིས་ཚུལ་མིན་གྱི་བྱེད་ཐབས་ལ་བརྟེན་ནས་ལས་ཞུགས་བྱ་དགའི་མ་དངུལ་གཡོ་ལེན་བྱས་ཚེ། བྱ་དགའི་མ་དངུལ་ཕྱིར་ལེན་པར་མ་ཟད་འབྲེལ་ཡོད་འགན་འཁྲི་བདའ་འདེད་གཏོང་ངེས་ཡིན་ལ། ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཡང་བདའ་འདེད་གཏོང་ངེས་ཡིན།(གསུམ།)ཞང་གྲོང་སོ་སོ་དང་སྡེ་ཁག་དག་གིས་བྱ་དགའི་མ་དངུལ་དེ་སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ་བྱེད་པ་མ་གཏོགས། མ་དངུལ་དེ་མི་སྒེར་ལ་སྤྲ
用户登录
还没有账号?
立即注册