您的位置: 首页 >长者版>新闻动态>通知公告>详细内容

关于打击整治网络谣言的通告

2024-08-02 10:18:38 点击:[] 字体:
 为进一步净化网络生态环境,共和县公安局根据《中华人民共和国刑法》《中华人民共和国网络安全法》《中华人民共和国治安管理处罚法》《互联网信息服务管理办法》等相关法律法规及司法解释,就规范网络传播秩序依法打击网络谣言通告如下:


一、严禁编造、传播虚假信息。广大网民、各类“自媒体”发布信息,应当坚持实事求是的原则,严禁为蹭流量、博眼球、吸粉引流或为达到其他目的,夸大事实、断章取义、歪曲真相,编造和发布虚假、失实信息,恶意误导社会公众,制造虚假舆论热点。 
二、坚决远离网络暴力。广大网民、各类“自媒体”不得通过网络制造、散布谣言,贬损他人人格、损害他人名誉;不得采取肆意谩骂、恶意诋毁、披露隐私等方式,公然侮辱他人;不得组织“人肉搜索”,违法收集并发布公民个人信息;不得蹭炒热度、推广引流,利用互联网用户公众账号等推送、传播有关网络暴力违法犯罪的信息。 
三、自觉抵制网络谣言。广大网民、各类“自媒体”要提高对网上信息的甄别能力,不得随意转发、扩散和传播未经官方证实或来源不明、地域不清、指向不明、时间不详的信息。自觉做守法公民,发现微信群、朋友圈、微博、快手、抖音、贴吧等网络平台传播的没有正规来源的聊天截图、视频、音频、文字等信息时,要主动向公安部门举报。   
四、切实履行主体责任和群组管理责任。各类网站、新媒体平台、自媒体账号,要严格遵守互联网法律法规,加强从业人员管理培训,规范信息内容发布审核。互联网群组建立者、管理者(群主)要规范群组网络行为和信息发布,群组成员在参与群组信息交流时,应当遵守相关法律法规,文明互动、理性表达,共同构建健康有序的网络群体空间。   
五、严厉打击网络谣言。公安部门将对通过网络发布、传播虚假信息或谣言,造成严重社会影响的发布者、转发者、管理者依法予以严厉打击。   
网络空间不是法外之地。在此,我们呼吁广大网民要提高警惕,树立法治意识,增强辨别能力,自觉遵守法律法规,以实际行动共同维护健康有序的网络环境和社会秩序。  
欢迎广大网民和群众投诉举报网络谣言、违法和不良信息。
投诉举报渠道:
共和县公安局:0974-8512979、110   
县委宣传部网信办:0974-8522110



དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་གཏོང་བའི་སྐོར་གྱི་གསལ་བརྡ།



     དྲ་རྒྱའི་ཁོར་ཡུག་སྔར་ལས་གཙང་སེལ་བྱ་ཆེད། སྤྱི་བདེ་ཅུའུ་ཡིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམསདངདྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཐབསསོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ།ཁྲིམས་འཛིན་འགྲེལ་བཤད་བཅས་གཞིར་བཟུང་སྟེ།དྲ་རྒྱའི་ཁྱབ་བསྒྲགས་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་ཐད་ཁྲིམས་ལྟར་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་གཏོང་བའི་གསལ་བརྡ་གཤམ་གསལ་ལྟར།     

   1.ཆ་འཕྲིན་རྫུན་མ་བཟོ་བ་དང་ཁྱབ་བསྒྲགས་བྱེད་པའི་རིགས་གཏན་འགོག་བྱ་དགོས།    རྒྱ་ཆེའི་དྲ་དམངས་དང“རང་སྨྱན་སྦྱོར”སྣ་ཚོགས་ཀྱིས་ཆ་འཕྲིན་ཁྱབ་སྤེལ་བྱེད་སྐབས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་དང་། དྲ་རྒྱའི་རྒྱུག་ཚད་ཇེ་ཆེར་དང་། མིག་དབང་འགུག་པ། ཞེན་མིཧྥིན་སིནང་འདྲེན་བྱེད་པའམ་ཡང་ན་དམིགས་ཡུལ་གཞན་འགྲུབ་ཆེད་དོན་དངོས་སྒྲོ་འདོགས་དང་། ལུང་ཚིག་ལོག་འདྲེན། གནས་ཚུལ་ངོ་མ་འཁྱོགས་བཤད་བྱེད་པ་དང་། དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ་བྱེད་པ། བསམ་ངན་བཅངས་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ལོག་ལམ་དུ་ཁྲིད་པ། གླེང་ཕྱོགས་ཀྱི་ཚ་གནས་རྫུན་མ་བཟོ་བ་བཅས་གཏན་འགོག་བྱེད་དགོས།     

  2.དྲ་རྒྱའི་དྲག་ཤུགས་དང་མཐའ་གཅིག་ཏུ་རིང་དུ་གྱེས་དགོས། རྒྱ་ཆེའི་དྲ་དམངས་དང“རང་སྨྱན་སྦྱོར”སྣ་ཚོགས་ཀྱིས་དྲ་རྒྱ་བརྒྱུད་དེ་དཀྲོག་གཏམ་རྫུན་བཟོ་དང་ཁྱབ་སྤེལ་བྱས་ནས་མི་གཞན་གྱི་མི་གཤིས་ལ་དམའ་འབེབས་དང་མི་གཞན་གྱི་མཚན་སྙན་ལ་གནོད་འཚེ་གཏོང་མི་ཆོག རང་སྣང་གང་ཤར་གྱིས་གཤེ་གཤེ་གཏོང་བ་དང་། བསམ་ངན་བཅངས་ནས་དམའ་འབེབས་བྱེད་པ།མི་གཞན་གྱི་གསང་དོན་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མངོན་སུམ་འཛེམ་མེད་ཀྱིས་མི་གཞན་ལ་བརྙས་བཅོས་བྱས་མི་ཆོག “མིར་བརྟེན་འཚོལ་འདྲི”སྒྲིག་འཛུགས་བྱས་ནས་ཁྲིམས་འགལ་གྱིས་སྤྱི་དམངས་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་ཁྱབ་བསྒྲགས་བྱས་མི་ཆོག  དྲ་རྒྱའི་ཚ་ཚད་འུད་སྒྲོག་དང་རྒྱུག་ཚད་ཆེར་སྤེལ་ནང་འདྲེན། ཡང་ན་དྲ་སྦྲེལ་སྤྱོད་མཁན་གྱིས་སྤྱི་དམངས་རྩིས་ཨང་སོགས་ལ་བརྟེན་ནས་དྲ་རྒྱའི་གཏུམ་སྤྱོད་དང་ཁྲིམས་འགལ་ཉེས་གསོག་གི་འབྲེལ་ཡོད་ཆ་འཕྲིན་འདེད་སྐྱེལ་དང་ཁྱབ་བསྒྲགས་བྱས་མི་ཆོག

  3.རང་རྟོགས་ཀྱིས་དྲ་རྒྱའི་དཀྲོག་གཏམ་བཀག་འགོག་བྱ་དགོས། རྒྱ་ཆེའི་དྲ་དམངས་དང“རང་སྨྱན་སྦྱོར”སྣ་ཚོགས་ཀྱིས་དྲ་ཐོག་ཆ་འཕྲིན་དབྱེ་འབྱེད་བྱེད་ནུས་མཐོར་འདེགས་སུ་གཏོང་དགོས་ཤིང་། གཞུང་ཕྱོགས་ཀྱིས་ར་སྤྲོད་བྱས་མེད་པའམ་ཡང་ན་ཡོང་ཁུངས་གསལ་པོ་མེད་པ་དང་།  ས་ཁོངས་གསལ་པོ་མེད་པ།    ཁ་ཕྱོགས་གསལ་པོ་མེད་པ།    དུས་ཚོད་གསལ་པོ་མེད་པ་བཅས་ཀྱི་ཆ་འཕྲིན་གང་འདོད་དུ་བརྒྱུད་སྤེལ་དང་། མཆེད་པ། ཁྱབ་བསྒྲགས་བཅས་བྱེད་མི་ཆོག     རང་རྟོགས་ཀྱིས་ཁྲིམས་སྲུང་སྤྱི་དམངས་ཞིག་བྱེད་དགོས་ལ། སྐད་འཕྲིན་ཚོགས་པ་དང་། གྲོགས་ཚོམས།  པོད་ཆུང་། མགྱོགས་འཕྲིན། འཁྱུག་དབྱངས། གླེང་སྟེགས་སོགས་དྲ་རྒྱའི་ལས་སྟེགས་སྟེང་བརྒྱུད་བསྒྲགས་བྱས་པའི་ཚད་ལྡན་གྱི་འབྱུང་ཁུངས་མེད་པའི་ཁ་བརྡའི་དྲས་རིས་དང་།  བརྙན་ཟློས། སྒྲ་ཟློས། ཡི་གེ་སོགས་ཀྱི་ཆ་འཕྲིན་མཐོང་ཚེ་རང་འགུལ་ངང་སྤྱི་བདེ་སྡེ་ཁག་ལ་ཐེར་འདོན་བྱེད་དགོས།

  4.གཙོ་གཟུགས་ཀྱི་འགན་འཁྲི་དང་ཚོགས་བསྒྲིགས་དོ་དམ་འགན་འཁྲི་ཏན་ཏིག་གིས་བསྒྲུབ་དགོས། དྲ་ཚིགས་སྣ་ཚོགས་དང་སྨྱན་སྦྱོར་གསར་པའི་ལས་སྟེགས། རང་སྨྱན་སྦྱོར་གྱི་རྩིས་ཨང་བཅས་ཀྱིས་དྲ་སྦྲེལ་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་བྱེད་དགོས་པ་དང་། ལས་གཉེར་མི་སྣའི་དོ་དམ་གསོ་སྦྱོང་ལ་ཤུགས་སྣོན་དགོས་ཤིང་།ཆ་འཕྲིན་གྱི་ནང་དོན་ཁྱབ་སྤེལ་ཞིབ་བཤེར་བྱེད་པ་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས།དྲ་སྦྲེལ་ཚོགས་པ་འཛུགས་མཁན་དང་དོ་དམ་པ(ཚོགས་གཙོ)ཡིས་ཚོགས་པའི་དྲ་རྒྱའི་བྱ་སྤྱོད་དང་ཆ་འཕྲིན་ཁྱབ་སྤེལ་བྱེད་པ་ཚད་ལྡན་དུ་གཏོང་དགོས་པ་དང་། ཚོགས་པའི་ཁོངས་མིས་ཚོགས་པའི་ཆ་འཕྲིན་སྤེལ་རེས་ནང་ཞུགས་སྐབས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས་པ་དང་།ཤེས་དཔལ་མཉམ་འགུལ་དང་རྗེས་དཔག་གི་སྒོ་ནས་ལྟ་བ་གླེང་སྟེ།སྐྱོན་བྲལ་རིམ་ལྡན་གྱི་དྲ་རྒྱའི་ཚོགས་སྤྱིའི་བར་སྟོང་མཉམ་བསྐྲུན་བྱ་དགོས།     

  5.དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་ནན་པོ་གཏོང་དགོས།སྤྱི་བདེ་སྡེ་ཁག་གིས་དྲ་རྒྱ་བརྒྱུད་ནས་ཆ་འཕྲིན་རྫུན་མ་དང་དཀྲོག་གཏམ་ཁྱབ་སྤེལ།ཡང་ན་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་ཁྱབ་སྤེལ་བྱེད་མཁན་དང་། བརྒྱུད་སྤེལ་བྱེད་མཁན། དོ་དམ་པ་བཅས་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱ་རྒྱུ་ཡིན།     

དྲ་རྒྱའི་བར་སྟོང་ནི་ཁྲིམས་ཕྱིའི་ས་ཡུལ་མིན།འདིར་ང་ཚོས་རྒྱ་ཆེའི་དྲ་དམངས་རྣམས་ཀྱིས་དོགས་ཟོན་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པ། དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ། རང་རྟོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྐྱོན་བྲལ་རིམ་ལྡན་གྱི་དྲ་རྒྱའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན།

    རྒྱ་ཆེའི་དྲ་དམངས་དང་མང་ཚོགས་ཀྱིས་དྲ་རྒྱའི་དཀྲོག་གཏམ་དང་། ཁྲིམས་འགལ་ཆ་འཕྲིན་ངན་པ་བཅས་ཞུ་གཏུག་ཐེར་འདོན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།   

      ཞུ་གཏུག་ཐེར་འདོན་ཐབས་ལམ།  

གུང་ཧོ་རྫོང་སྤྱི་བདེ་སྤྱི་ཅུའུ།    0974-8512979དང110

རྫོང་ཨུའུ་དྲིལ་བསྒྲགས་པུའུ་དྲ་བའི་ཆ་འཕྲིན་གཞུང་དོན་ཁང་།    0974-8522110