站群导航

海南州人民政府

政府工作部门

各县政府

|
加入收藏
|
设为首页
|
手机版

共和县人民政府

政府信息公开

全文检索
索引号: 发布机构:
生效日期: 2022-06-06 废止日期:
文 号: 所属主题: 民生信息、重点领域(农牧、财政、民政、卫生、食品、住房、教育、体育文化、乡村、)

共和县教育惠民政策宣传指南

来源: 发布时间:2022-06-06 浏览次数: 【字体:

◆ གུང་ཧོ་རྫོང་གི་སློབ་སྔོན་སློབ་གསོའི་དུས་རིམ་གྱི་སློབ་མའི་རོགས་སྐྱོར་སྲིད་ཇུས།

དང་པོ། བྱིས་པའི་གཉོར་སྐྱོང་སློབ་གསོའི་རིན་མི་ལེན་པ།

རང་རྫོང་གི་སློབ་སྔོན་སློབ་གསོའི་དུས་རིམ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་བཅོ་ལྔའི་སློབ་གསོ་རོགས་སྐྱོར་འཆར་གཞི་ལས་སྔོན་འགྲོའི་སློབ་གསོའི་དུས་རིམ་གྱི་རོགས་སྐྱོར་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་གཏོགས་ཤིང་།སློབ་སྔོན་གྱི་ལོ་གཅིག་(བྱིས་སྐྱོང་ཁང་གི་འཛིན་གྲྭ་ཆེ་བ་དང་སློབ་གྲྭས་བསྡུས་པའི་གྲ་སྒྲིག་འཛིན་གྲྭ་)ལ་བྱིས་པ་རེར་ལོ་རེར་ཆ་སྙོམས་སྒོར་2250ཡི་ཚད་གཞིའི་སྤྱི་སྤྱོད་མ་དངུལ་དང་།སློབ་སྔོན་གྱི་ལོ་གཉིས་པ་དང་གསུམ་པར་(འཛིན་གྲྭ་འབྲིང་བ་དང་འཛིན་གྲྭ་ཆུང་བ་)བྱིས་པ་རེར་ལོ་རེར་ཆ་སྙོམས་སྒོར1200ཡི་ཚད་གཞིའི་སྤྱི་སྤྱོད་མ་དངུལ་གཏོང་བའི་དུས་མཚུངས་སུ། རང་ཁུལ་གྱི་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་《སློབ་སྔོན་སློབ་གསོ་འཕེལ་རྒྱས་ཐད་ཀྱི་ལག་བསྟར་བསམ་འཆར་》([2012]ལོའི་གཞུང་ཡིག་ཨང15)པའི་གཏན་ཁེལ་ལྟར། སློབ་སྔོན་ལོ་གཉིས་པ་དང་གསུམ་པར་གཞུང་གཉེར་བྱིས་སྐྱོང་ཁང་ཡིན་ན་བྱིས་པ་རེར་ལོ་རེར་ཆ་སྙོམས་སྒོར250ཡི་སྤྱི་སྤྱོད་མ་དངུལ་ཁ་སྣོན་བྱས་པ་བཅས་བསྡོམས་པས་རང་རྫོང་གིས་སློབ་སྔོན་ལོ་གཉིས་པ་དང་གསུམ་པར་(བྱིས་སྐྱོང་ཁང་གི་འཛིན་གྲྭ་འབྲིང་བ་དང་འཛིན་གྲྭ་ཆུང་བ)བྱིས་པ་རེར་ལོ་རེར་ཆ་སྙོམས་སྒོར1450ཡི་ཚད་གཞིའི་སྤྱི་སྤྱོད་མ་དངུལ་གཏོང་བཞིན་ཡོད

གཉིས་པ། བྱིས་པར་འཚོ་བའི་ཁ་གསབ་སྟེར་བ།

རང་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ས་ཁུལ་དུ་གཏོགས་པས་སློབ་སྔོན་གྱི་ལོ་གཅིག་(བྱིས་སྐྱོང་ཁང་གི་འཛིན་གྲྭ་ཆེ་བ་དང་སློབ་གྲྭས་བསྡུས་པའི་གྲ་སྒྲིག་འཛིན་གྲྭ་)ལ་བྱིས་པ་རེར་ལོ་རེར་ཆ་སྙོམས་སྒོར1500ཡི་ཚད་གཞིའི་འཚོ་བའི་ཁ་གསབ་སྟེར་བཞིན་ཡོད།

◆གུང་ཧོ་རྫོང་གི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་རོགས་སྐྱོར་སྲིད་ཇུས།

འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་རོགས་སྐྱོར་སྲིད་ཇུས་གཙོ་བོ་ནི་རིན་མེད་གཉིས་དང་ཁ་གསབ་གཅིག་སྟེ། དེ་ནི་རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མར་སློབ་ཡོན་མི་ལེན་པ་དང་སློབ་དེབ་རིན་མེད་དུ་སྟེར་བ།འབྱོར་བ་ཞན་པའི་ཁྱིམ་ཚང་གི་བཅའ་སྡོད་སློབ་མ་དང་བཅའ་སྡོད་མ་ཡིན་པའི་སློབ་མར་འཚོ་བའི་གྲོན་དངུལ་ཁ་གསབ་བྱེད་པ་སོགས་ཡིན།

དང་པོ། སློབ་ཡོན་མི་ལེན་པ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭར་ཡོད་པའི་སློབ་མའི་སློབ་ཡོན་ཙག་ཙིག་མེད་པར་གཏོང་བ་དང་། སློབ་ཡོན་མེད་པར་བཟོས་རྗེས་སློབ་གྲྭའི་འཁོར་སྐྱོད་འགན་ལེན་བྱ་ཆེད། སློབ་གྲྭས་སློབ་མ་རེར་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་ཁ་གསབ་སྤྲོད་ཀྱི་ཡོད།རང་རེའི་རྫོང་གི་ཚད་གཞི་ནི་བཅའ་སྡོད་མིན་པའི་སློབ་ཆུང་གི་སློབ་མ་ལ་ལོ་རེར་ཆ་སྙོམས་སྒོར1145དང་།དམའ་འབྲིང་གི་སློབ་མ་རེར་ཆ་སྙོམས་སྒོར1345ཡིན་པ་དང་།བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭར་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཚད་གཞི་ནི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར1495ཡིན་པ་དང་།དམའ་འབྲིང་གི་སློབ་མ་རེར་སྒོར1695ཡིན་པ་མ་ཟད།《མཚོ་ལྷོ་ཁུལ་གྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་བྱ་ཐབས》(ལྷོ་སྲིད(2008)ཨང59པ)ཀྱི་བླང་བྱ་ལྟར།རྫོང་སྲིད་གཞུང་གིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་བཅའ་སྡོད་སློབ་མ་རེར་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་སྒོར50འགན་ལེན་བྱེད་དང་།གཞན་ཡང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ལ་ལོ་རེར་ཆ་སྙོམས་འཚོ་བའི་འགྲོ་གྲོན་སྒོར145ཡི་ཚད་གཞི་ལྟར་དྲོད་ལེན་ཁ་གསབ་སྤྲོད་པ་དང་།དམིགས་བསལ་སློབ་གསོའི་སློབ་གྲྭ་དང་འཛིན་གྲྭ་གཞན་དུ་སློབ་སྦྱོང་བྱེད་མཁན་དབང་པོ་སྐྱོན་ཅན་གྱི་སློབ་མ་ལ་ལོ་རེར་ཆ་སྙོམས་ཚད་གཞི་སྒོར6000གི་གཞུང་སྤྱོད་འགྲོ་གྲོན་ཁ་གསབ་བྱེད་ཀྱི་ཡོད་པ་རེད།

གཉིས་པ། སློབ་དེབ་རིན་མེད་དུ་སྟེར་བ།

རང་རྫོང་གི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཡོངས་ལ་སློབ་དེབ་རིན་མེད་དུ་སྟེར་བ་སྟེ།སློབ་ཆུང་སློབ་མ་རེར་སྒོར་90དང་། དམའ་འབྲིང་སློབ་མ་རེར་སྒོར་180ཡི་རིན་ཚད་ཀྱི་སློབ་དེབ་རིན་མེད་མཁོ་འདོན་བྱེད་པ་ཡིན།

གསུམ་པ། འཚོ་བའི་ཁ་གསབ་སྟེར་བ།

 ༡ བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་སྟེར་བ། ཞིང་ཕྱུགས་ལས་ས་ཁུལ་དང་མཁར་གྲོང་གི་འབྱོར་བ་ཞན་པའི་ཁྱིམ་ཚང་གི་སློབ་མར་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བ་སྟེ།མཚོ་སྔོན་ཞིང་ཆེན་གྱི་གཏན་ཁེལ་ཚད་གཞི་ནི་སློབ་ཆུང་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་1600དང་དམའ་འབྲིང་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་1800ཡིན་ལ།ཁུལ་ནོར་སྲིད་ཅུའུ་ཡིས་སྤེལ་བའི་《འོས་འགན་སློབ་གསོའི་དུས་རིམ་གྱི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ལེགས་སྒྲིག་སྐོར་གྱི་བརྡ་སྦྱོར་》([2009]ལོའི་གཞུང་ཡིག་ཨང་602)པའི་ནང་དུ།ཁུལ་གྱིས་འོས་འགན་སློབ་གསོའི་དུས་རིམ་གྱི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་ལོ་རེར་སྒོར་200དང་རྫོང་གིས་ལོ་རེར་སྒོར་300རེ་འགན་ལེན་ཁག་ཐེག་བྱ་དགོས་པ་གཏན་ཁེལ་བྱས་པ་ལྟར།བསྡོམས་པས་རང་རྫོང་གྱིས་ཞིང་ཕྱུགས་ལས་ས་ཁུལ་དང་མཁར་གྲོང་གི་འབྱོར་བ་ཞན་པའི་ཁྱིམ་ཚང་གི་བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་སྟེར་བའི་ཚད་གཞི་ནི་སློབ་ཆུང་སློབ་མ་རེར་ལོ་རེར་སྒོར་2100དང་དམའ་འབྲིང་སློབ་མ་རེར་ལོ་རེར་སྒོར་2300སྟེར་བ་ཡིན་ལ། མི་འདང་བ་ཁྱིམ་བདག་གིས་སྟེར་དགོས་པ་ཐག་གཅོད་བྱས་ཡོད།

༢ བཅའ་སྡོད་མ་ཡིན་པའི་སློབ་མར་འཚོ་བའི་ཁ་གསབ་སྟེར་བ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐེན་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐེན་གྱིས་སྤེལ་བའི་《2019ལོའི་སྟོན་ཁ་དང་2020ལོའི་འོས་འགན་སློབ་གསོའི་དུས་རིམ་གྱི་འབྱོར་བ་ཞན་པའི་ཁྱིམ་ཚང་གི་བཅའ་སྡོད་མ་ཡིན་པའི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་སྐོར་གྱི་བརྡ་སྦྱོར་》([2019]ལོའི་གཞུང་ཡིག་ཨང་2254)པའི་ནང་། 2019ལོའི་སྟོན་ཁའི་སློབ་སྐབས་ནས་བཟུང་འོས་འགན་སློབ་གསོའི་དུས་རིམ་གྱི་ཡིག་ཚགས་བྱང་བུ་ལྡན་པའི་འཁོས་ཞན་སློབ་མ་དང་ཡིག་ཚགས་བྱང་བུ་མེད་ཀྱང་འབྱོར་བ་ཞན་པའི་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་སློབ་མ། ཞིང་ཕྱུགས་ལས་ས་ཁུལ་གྱི་མ་མཐའི་འཚོ་རྟེན་འགན་སྲུང་ཡོད་པའི་ཁྱིམ་ཚང་གི་སློབ་མ།ཞིང་ཕྱུགས་ལས་ས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་འཚོ་སྐྱོང་སློབ་མ་སོགས་འབྱོར་བ་ཞན་པའི་ཁྱིམ་ཚང་རིགས་བཞིའི་འཁོས་ཞན་སློབ་མ་རྣམས་བཅའ་བསྡོད་སློབ་མ་མིན་ནའང་འཚོ་བའི་ཁ་གསབ་སྟེར་བའི་གྲས་སུ་བཞག་ཡོད་ལ།འབྱོར་བ་ཞན་པའི་ཁྱིམ་ཚང་གི་འཁོས་ཞན་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསེབ་རོགས་དངུལ་གྱི་ཚད་གཞི་ནི་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞིའི་(ལོ་རེར་སློབ་ཆུང་སློབ་མ་རེར་སྒོར་1000དང་དམའ་འབྲིང་སློབ་མ་རེར་སྒོར་1250)50%ལྟར་ལོ་རེར་སློབ་ཆུང་སློབ་མ་རེར་སྒོར་500དང་དམའ་འབྲིང་སློབ་མ་རེར་སྒོར་625སྟེར་རྒྱུ་གཏན་ཁེལ་བྱས་ཡོད། 

བཞི་པ། ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་ལེགས་བཅོས་བྱེད་པ།

རྒྱལ་ཁབ་ཀྱིས་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ལག་བསྟར་བྱས་པ་ལྟར། རང་རྫོང་གིས་ཀྱང་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་ལེགས་བཅོས་ཁ་གསབ་བྱས་ཤིང་།རོགས་སྐྱོར་མ་དངུལ་གྱི་ཚད་གཞི་ནི་ལོ་རེར་སློབ་མ་རེར་སྒོར་1000གཏན་ཁེལ་བྱས་ཡོད།འོན་ཀྱང་།མཁར་གྲོང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མར་འཚོ་བཅུད་ལེགས་བཅོས་ཀྱི་ཁ་གསབ་མེད།

ལྔ་པ། ཡུལ་གཞན་དུ་སློབ་སྒྲུབ་སློབ་གཉེར་བྱེད་མཁན་ལ་ཁ་གསབ་རོགས་སྐྱོར་བྱེད་པ།

སློབ་གསོ་སྡེ་ཁག་གིས་གཅིག་གྱུར་རྩ་འཛུགས་བྱས་ནས་ཡུལ་གཞན་དུ་སློབ་གཉེར་བྱེད་པའི་སློབ་འབྲིང་སློབ་མར་ལོ་རེར་ཆ་སྙོམས་སྒོར་2300ཡི་ཚད་གཞི་ལྟར་སློབ་གཉེར་བྱེད་སའི་སློབ་གྲྭར་གྲོན་དངུལ་གྱི་ཁ་གསབ་དང་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་2200ཡི་ཚད་གཞིའི་འཚོ་བའི་གྲོན་དངུལ་ཁ་གསབ་བྱེད་པ་ཡིན།

◆ མཐོ་འབྲིང་དུས་རིམ་གྱི་སློབ་མའི་རོགས་སྐྱོར་སྲིད་ཇུས།

2016ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་མཐོ་འབྲིང་སློབ་གསོའང་ལོ་བཅོ་ལྔའི་རིང་གི་སློབ་གསོ་རོགས་སྐྱོར་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་བཞག་སྟེ།གཙོ་བོ་སློབ་ཡོན་མི་ལེན་པ་དང་།སློབ་དེབ་རིན་མེད་དུ་སྟེར་བ།རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་དངུལ་སོགས་རོགས་སྐྱོར་སྲིད་ཇུས་སྤེལ་བཞིན་ཡོད།

དང་པོ། སློབ་ཡོན་མི་ལེན་པ།

མཚོ་སྔོན་ཞིང་ཆེན་གྱིས་མཐོ་འབྲིང་སློབ་མར་སློབ་ཡོན་མི་ལེན་པར་བྱས་ཤིང་། སློབ་གྲྭར་སྤྱི་སྤྱོད་མ་དངུལ་རོགས་སྐྱོར་བྱེད་པའི་ཚད་གཞི་ནི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་400གཏན་ཁེལ་བྱས་ཤིང་། ཁུལ་དང་རྫོང་སྲིད་གཞུང་གིས་སྤྱིར་བཏང་གི་མཐོ་འབྲིང་སློབ་གྲྭར་སྤྱི་སྤྱོད་མ་དངུལ་རོགས་སྐྱོར་གྱི་ཚད་གཞི་ནི་ལོ་རེར་སློབ་མ་རེར་སྒོར་600གཏོང་རྒྱུ་གཏན་ཁེལ་བྱས་པའི་མཚུངས་སུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐེན་དང་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྤེལ་བའི་《རང་ཁུལ་གྱི་སྲིད་འཛིན་ལས་དོན་རང་བཞིན་གྱི་ཁྲལ་དངུལ་འགའ་མེད་པར་བཟོས་པའི་སྐོར་གྱི་བརྡ་སྦྱོར་》([2015]ལོའི་གཞུང་ཡིག་ཨང་205)པའི་གཏན་ཁེལ་ལྟར། སློབ་མའི་ཆ་འཕྲིན་ལག་རྩལ་སློབ་གསོའི་གྲོན་དངུལ་སྟེར་མི་དགོས་པར་བྱས་པ་དང་བསྟུན། སློབ་གྲྭར་ས་གནས་ནོར་སྲིད་སྡེ་ཁག་གིས་ཆ་འཕྲིན་ལག་རྩལ་སློབ་གསོའི་གྲོན་དངུལ་ཁ་གསབ་བྱེད་པ་སྟེ། རོགས་སྐྱོར་ཚད་གཞི་ནི་ལོ་རེར་སློབ་མ་རེར་སྒོར་120བཅས་བསྡོམས་པས་མཐོ་འབྲིང་སློབ་མའི་སློབ་ཡོན་དང་ཆ་འཕྲིན་ལག་རྩལ་སློབ་གསོའི་གྲོན་དངུལ་སོགས་སྤྱི་སྤྱོད་མ་དངུལ་ལོ་རེར་སློབ་མ་རེར་སྒོར་1120ཁ་གསབ་བྱེད་བཞིན་ཡོད།གཞན་ཡང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐེན་ཞང་དང་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྤེལ་བའི་《རང་ཁུལ་གྱི་སྲིད་འཛིན་ལས་དོན་རང་བཞིན་གྱི་ཁྲལ་དངུལ་འགའ་མེད་པར་བཟོས་པའི་སྐོར་གྱི་བརྡ་སྦྱོར་》([2015]ལོའི་གཞུང་ཡིག་ཨང་205)པའི་གཏན་ཁེལ་ལྟར། མཐོ་འབྲིང་སློབ་མར་དྲོད་འདོན་གྲོན་དངུལ་མི་ལེན་པར་བྱས་པའི་མཚུངས་སུ། ས་གནས་ནོར་སྲིད་སྡེ་ཁག་གིས་མཐོ་འབྲིང་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་150ཡི་རྨང་གཞིའི་སྟེང་དྲོད་རླངས་ཀྱི་རིན་གོང་དང་སློབ་ཁང་དང་མལ་ཁང་གི་ཆེ་ཆུང་ལྟར་དྲོད་འདོན་གྲོན་དངུལ་ཁ་གསབ་བྱེད་རྒྱུ་གཏན་ཁེལ་བྱས་ཤིང་། མིག་སྔར་མཐོ་འབྲིང་སློབ་མའི་དྲོད་འདོན་གྲོན་དངུལ་གྱི་ཚད་གཞི་ནི་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་480རེ་ཡིན།

གཉིས་པ། སློབ་དེབ་རིན་མེད་དུ་སྟེར་བ།

རང་ཁུལ་གྱི་མཐོ་འབྲིང་སློབ་གསོའི་དུས་རིམ་གྱི་སློབ་མ་ཡོངས་ལ་སློབ་དེབ་རིན་མེད་དུ་སྟེར་བ་སྟེ། སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་400ཡི་རིན་ཚད་ཀྱི་སློབ་དེབ་རིན་མེད་མཁོ་འདོན་བྱེད་བཞིན་ཡོད།

གསུམ་པ། རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་སྐྱོར།

སྤྱིར་བཏང་གི་མཐོ་འབྲིང་སློབ་གྲྭའི་འབྱོར་བ་ཞན་པའི་ཁྱིམ་ཚང་གི་སློབ་མར་རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་སྐྱོར་ཁ་གསབ་སྟེར་བ་སྟེ། སློབ་གྲྭར་ཡོད་པའི་སློབ་མ་ཡོངས་ཀྱི་30%ཡི་ཚད་གཞི་ལྟར། སློབ་མ་རེར་སྒོར་2000ཡི་ཚད་གཞིའི་རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་སྐྱོར་ཁ་གསབ་སྟེར་བ་ཡིན།

བཞི་པ། མཐོ་འབྲིང་སློབ་མའི་འཚོ་བའི་ཁ་གསབ།

མཐོ་འབྲིང་སློབ་གྲྭའི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་ནི་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་600ཡི་ཁ་གསབ་སྟེར་བཞིན་ཡོད།འོན་ཀྱང་། མི་འདང་བ་ཁྱིམ་བདག་གིས་སྟེར་དགོས།

ལྔ་པ། ཡུལ་གཞན་དུ་སློབ་སྒྲུབ་སློབ་གཉེར་བྱེད་མཁན་ལ་ཁ་གསབ་རོགས་སྐྱོར་བྱེད་པ།

སློབ་གསོ་སྡེ་ཁག་གིས་གཅིག་གྱུར་རྩ་འཛུགས་བྱས་ནས་ཡུལ་གཞན་དུ་སློབ་གཉེར་བྱེད་བཞིན་པའི་མཐོ་འབྲིང་སློབ་མར་སློབ་ཡོན་མི་ལེན་པར་མ་ཟད། སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་2800ཡི་ཚད་གཞི་ལྟར་སློབ་གཉེར་བྱེད་སའི་སློབ་གྲྭར་གྲོན་དངུལ་གྱི་ཁ་གསབ་དང་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་2700ཡི་ཚད་གཞིའི་འཚོ་བའི་གྲོན་དངུལ་ཁ་གསབ་བྱེད་པ་ཡིན་ལ།གཞན་ལོ་དེར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་ཞིང་ཕྱུགས་ལས་ས་ཁུལ་གྱི་སློབ་མས་(ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་ཁྲོད་མཁར་གྲོང་གི་ཁྱིམ་ཐོར་བསྒྱུར་བའི་སློབ་མའང་འདུ་བ་ཡིན།)ཐེངས་གཅིག་རང་བཞིན་ཅན་གྱི་བྱ་དགའི་ཁ་གསབ་སྲིད་ཇུས་རེག་ཆོག འོན་ཀྱང་མཁར་གྲོང་གི་ཁྱིམ་ཐོ་ཡིན་པའི་སློབ་མས་སྲིད་ཇུས་འདི་ལོངས་སུ་སྤྱད་མི་ཆོག བྱ་དགའི་ཚད་གཞི་ནི་སྤྱིར་བཏང་གི་མཐོ་རིམ་སློབ་གྲྭའི་དངོས་གཞི་ལ་རྒྱུགས་འཕྲོད་པའི་སློབ་མར་སྒོར་10000དང་། ཆེད་སྦྱོང་ལ་རྒྱུགས་འཕྲོད་པའི་སློབ་མར་སྒོར་6000གི་གཟེངས་བསྟོད་བྱ་དགའ་སྟེར་བ་ཡིན།

དྲུག་པ། རང་ས་གནས་ཀྱི་སློབ་མར་ཡིད་རྟོན་སློབ་ཡོན་བསྐྱི་བ།

འབྱོར་བ་ཞན་པའི་ཁྱིམ་ཚང་གི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་སྦྱོང་ལ་རྒྱུགས་འཕྲོད་པའི་སློབ་མས་(མཐོ་རིམ་ལས་རིགས་སློབ་མ་དང་ཞིབ་འཇུག་སློབ་མའང་འདུ།) ཁྱིམ་ཐོ་ཡོད་སའི་རྫོང་(གྲོང་རྡལ་དང་ཁུལ)གི་སློབ་མའི་རོགས་སྐྱོར་དོ་དམ་སྡེ་ཁག་ནས་རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་སྐྱོར་སློབ་ཡོན་བསྐྱི་རྒྱུ་ཡར་ཞུ་བྱས་ཆོག སློབ་ཡོན་སྐྱི་མཁན་སློབ་མ་དང་ཁྱིམ་བདག་གཉིས་ཀ་ཡིན་དགོས་ལ། མཉམ་དུ་དངུལ་ཕྱིར་སྤྲོད་པའི་འོས་འགན་ཡང་ཡོད། དངུལ་སྐྱི་མཁན་གྱི་སློབ་མ་སློབ་གྲྭར་སྡོད་པའི་གནས་སྐབས་ཀྱི་སྐྱེད་ཀ་ཡོད་ཚད་ཞིང་ཆེན་ནོར་སྲིད་སྡེ་ཁག་གིས་ཁ་གསབ་འགན་ལེན་བྱེད་ལ། སློབ་མ་མཐར་ཕྱིན་པའི་ཟླ་གཉིས་ནས་བཟུང་སློབ་མ་དང་ཁྱིམ་བདག་གཉིས་ཀས་ཟླ་རེར་བསྐྱིས་དངུལ་དང་སྐྱེད་ཀ་ཕྱིར་དངུལ་ཁང་ལ་སྤྲོད་དགོས་ལ། སྐྱིན་པ་འཇལ་ཡུན་ནི་ལོ་20ལས་བརྒལ་མི་ཆོག་ཅིང་། བསྐྱིས་དངུལ་དེ་སློབ་མའི་སློབ་ཡོན་དང་ཉལ་ཁང་སོགས་ཀྱི་གླ་སོགས་ལ་བཀོལ་ཆོག དངུལ་བསྐྱི་ཚད་ནི་ཆེད་སྦྱོང་དང་དངོས་གཞི་སློབ་མར་ལོ་རེར་སྒོར་12000དང་། ཞིབ་འཇུག་སློབ་མར་ལོ་རེར་སྒོར་16000བསྐྱི་བ་ཡིན། ལོ་རེའི་ཟླ་7པའི་ཟླ་སྨད་ནས་ཟླ་9པའི་ཟླ་དཀྱིལ་བར་བསྐྱི་དངུལ་གྱི་འགྲོ་ལུགས་བསྒྲུབ་དགོས།

◆ འབྲིང་རིམ་ལས་རིགས་སློབ་གསོའི་རོགས་སྐྱོར་སྲིད་ཇུས།

དང་པོ། སློབ་ཡོན་དང་སློབ་དེབ་རིན་མི་ལེན་པ།

རང་ཁུལ་གྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཐོ་ཡོད་པའི་འབྲིང་རིམ་ལས་རིགས་སློབ་མར་ལོ་རེར་ཆ་སྙོམས་སྒོར་3200ཡི་ཚད་གཞིའི་སློབ་ཡོན་དང་མལ་ཁང་གི་གླ་སོགས་རོགས་སྐྱོར་བྱེད་པ་དང་། ལོ་རིམ་དང་པོ་དང་གཉིས་པའི་སློབ་མར་ལོ་རེར་སྒོར་400ཡི་རིན་ཚད་ཀྱི་སློབ་དེབ་མཁོ་འདོན་བྱེད་པ་ཡིན།

གཉིས་པ། རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་སྐྱོར།

རང་རྫོང་གྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཐོ་ཡོད་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་ལོ་རིམ་དང་པོ་དང་གཉིས་པའི་སློབ་མར་ལོ་རེར་སྒོར་2000གྱི་ཚད་གཞིའི་རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་དངུལ་སྟེར་བ་དང་། ལོ་རིམ་གསུམ་པའི་སློབ་མར་ལོ་རེར་སྒོར་800ཡི་ཚད་གཞིའི་རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་དངུལ་སྟེར་བ་ཡིན།

གསུམ་པ། ཡུལ་གཞན་དུ་སློབ་སྒྲུབ་སློབ་གཉེར་བྱེད་མཁན་ལ་ཁ་གསབ་རོགས་སྐྱོར་བྱེད་པ།

སློབ་གསོ་སྡེ་ཁག་གིས་གཅིག་གྱུར་རྩ་འཛུགས་བྱས་ནས་ཡུལ་གཞན་དུ་སློབ་གཉེར་བྱེད་པའི་འབྲིང་རིམ་ལས་རིགས་སློབ་མ་དང་རང་འགུལ་གྱིས་རྨ་འབྲི་རྫ་གསུམ་གྱི་ས་ཁོངས་ལས་བརྒལ་ཏེ་ཡུལ་གཞན་དུ་ལས་རིགས་ལག་རྩལ་སློབ་གྲྭ་འགྲིམས་བཞིན་པའི་སློབ་མར་སློབ་ཡོན་མི་ལེན་པར་མ་ཟད། སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་3300ཡི་ཚད་གཞི་ལྟར་སློབ་གཉེར་བྱེད་སའི་སློབ་གྲྭར་གྲོན་དངུལ་གྱི་ཁ་གསབ་དང་། ལོ་རིམ་དང་པོ་དང་གཉིས་པའི་སློབ་མར་ལོ་རེར་སྒོར་3200ཡི་ཚད་གཞིའི་འཚོ་བའི་གྲོན་དངུལ་ཁ་གསབ་བྱེད་པ་དང་། ལོ་རིམ་གསུམ་པའི་སློབ་མར་ལོ་རེར་སྒོར་2200ཡི་ཚད་གཞིའི་འཚོ་བའི་གྲོན་དངུལ་ཁ་གསབ་བྱེད་པ་ཡིན།

བཞི་པ། རྒྱལ་ཁབ་ཀྱི་བསླབ་འབྲས་གཟེངས་བསྟོད་རོགས་སྐྱོར།

ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཐོ་ཡོད་པའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ཕུལ་དུ་བྱུང་བར་ལོ་རེར་སྒོར6000གི་ཚད་གཞིའི་བསླབ་འབྲས་གཟེངས་བསྟོད་རོགས་སྐྱོར་བྱ་དགའ་ཡོད་ལ། བྱ་དགའི་མི་གྲངས་ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡིས་གཏན་ཁེལ་ལྟར་ཡིན།


འབྲེལ་གཏུགས་ཁ་པར།

གུང་ཧོ་རྫོང་སློབ་མའི་རོགས་སྐྱོར་ལྟེ་གནས།
0974-8523530

0974-8525709

共和县学前教育阶段资助政策


1.免除学前保育教育费

   我县已纳入15年教育资助政策范围,对学前一年(幼儿园大班及学校附设学前班)在园幼儿免除保育教育费标准为每生每学年2250元(省定标准2200元的基础上我县再次提高每生每年50元公用经费标准);学前二、三年(幼儿园中班、小班)在园幼儿免除保育教育费标准为每生每学年1200元,并根据中共海南州委、海南州人民政府《关于加快学前教育发展的实施意见》南政【2012】15号文件规定,对学前二、三年公办幼儿园每生每学年拨付公用经费250元,即我州学前二、三年(幼儿园中班、小班)在园幼儿免除保育教育费标准为每生每学年1450元。

2.提供生活费补助

    我县均属三江源地区,对学前一年(幼儿园大班及学校附设学前班)在园幼儿享受每生每学年1500元的生活费补助。

共和县义务教育阶段资助政策

1.免学杂费

   免除城乡义务教育阶段所有在校生学杂费。免除后为保障学校运转,对学校给予生均公用经费补助,我县标准为非寄宿制学校年生均小学1145元、初中1345元;寄宿制学校省定标准为年生均小学1495元、初中1695元,并根据《海南州义务教育经费保障办法》(南政(2008)59号)要求,由县级政府承担义务教育阶段寄宿生生均公用经费50元,另对义务教育阶段学生按年生均145元标准补助取暖费,对特殊教育学校和随班就读残疾学生年生均6000元标准补助公用经费。

2.免费提供教科书

   对我县城乡义务教育阶段所有在校生免费提供教科书,标准为每生每年小学90元、初中180元。

3.生活补助

   (1)寄宿生生活补助对农牧区寄宿生和城镇贫困家庭寄宿生给予生活补助,省定标准为每生每年小学1600元、初中1800元;并根据海南州财政局《关于调整义务教育阶段寄宿生生活费补助标准的通知》(南财行字【2009】602号)文件规定,州、县分别承担义务教育寄宿生生活补助年生均200元、300元。即我县农牧区寄宿生和城镇贫困家庭寄宿生生活补助标准为小学年生均2100元、初中年生均2300元,不足部分由学生家长承担。(2)非寄宿生生活补助青海省财政厅青海省教育厅《关于下达2019年秋季和2020年度义务教育阶段家庭经济困难非寄宿生生活补助经费的通知》(青财教字〔2019〕2254号)文件规定:从2019年秋季学期起义务教育阶段建档立卡学生以及非建档立卡的家庭经济困难残疾学生、农村低保家庭学生、农村特困救助供养学生等四类家庭经济困难非寄宿生纳入生活补助范围。按照家庭经济困难寄宿生生活补助国家基础标准(年生均小学1000元、初中1250元)50%的比例核定家庭经济困难非寄宿生生活补助,即小学年生均500元、初中年生均625元。

4.农村义务教育营养改善计划

   实施农村义务教育营养改善计划,对我县农村义务教育学校学生给予营养膳餐补助,标准为年生均1000元,城镇学校就读的学生不享受此政策。

5.异地办学奖补

   对教育部门统一组织到异地办学办班的初中生按每学年生均2300元标准给办学办班学校经费奖励补助,按每学年生均2200元标准给学生补助生活费。

高中教育阶段资助政策

1.免杂费

   2016年起高中教育纳入15年教育资助政策范围,免除学生学杂费,给高中学校补助公用经费,标准为年生均400元;同时,为保障各高中学校正常运转,县政府对普通高中学校公用经费,标准为年生均600元;并根据青海省财政厅、青海省发展改革委《关于取消停征我省部分行政事业性收费的通知》(青财综字[2015]205号)规定,取消学生信息技术教育费,由地方财政给学校补助信息技术教育费,标准为年生均120元。高中教育免杂费等补助标准为每生每年1120元。

    根据青海省财政厅、青海省发展改革委《关于取消停征我省部分行政事业性收费的通知》(青财综字[2015]205号)规定,取消高中学生取暖费,由地方财政给高中学校补助取暖费,标准为在核定年生均150元的基础上按供暖价格、校舍面积据实结算,实行动态管理,现行我州高中学校取暖费标准为年生均480元。

2.免费提供教科书

   2016年起高中教育纳入15年教育资助政策范围,按年生均400元标准免费提供教科书。

3.国家助学金

   对普通高中贫困家庭学生按在校学生人数30%的比例,每生每年2000元标准享受国家助学金。

4.高中生活补助

   对高中学校寄宿生按现行政策年生均600元标准补助生活费,不足部分由学生家长承担。

5.异地办学奖补

   对教育部门统一组织到异地办学办班的高中生免除学杂费等,按每学年生均2800元标准给办学办班学校经费奖励补助,按每学年生均2700元标准给学生补助生活;对当年考入普通高校本、专科学校就读的农牧民家庭(包括户籍制度改革中转为城镇户口家庭)学生实行一次性奖励补助,城镇户口家庭学生不享受该政策。奖补标准为本科生一次性补助10000元、专科生一次性补助6000元。

6.生源地信用助学贷款

   家庭经济困难的全日制本、专科生(含高职生、研究生),通过户籍所在县(市、区)学生资助管理机构申请办理国家助学贷款,学生和家长为共同借款人,共同承担还款责任。贷款学生在校期间利息全部由省财政承担,贷款学生毕业后的第二个月开始由借款人和共同借款人还本付息,还款期限最长不超过 20年。生源地信用助学贷款主要用于借款学生的学费和住宿费等。贷款额度为本、专科生每年不超过12000元,研究生每年不超过16000元,每年7月下旬至9月中旬办理贷款手续。

中等职业教育资助政策

1.免学费和免费提供教材

   对我县全日制正式学籍在校中职学生按每生每年3200元标准免除学杂费、住宿费等费用;并对一、二年级中职在校生按每生每年400元标准免费提供教材。

2.国家助学金

   对我县全日制正式学籍在校中职一、二年级学生按每生每年2000元标准享受国家助学金;对三年级学生按800元标准享受国家助学金。

3.异地办学奖补

   对教育部门统一组织到异地办学办班的中职生以及自行考录到三江源地区以外学校就读的中职生免除学杂费等按每学年生均3300元标准给办学办班学校经费奖励补助;对一、二年级按每生每年3200元标准给学生补助生活费,三年级学生每生每年补助生活费2200元。

4.国家奖学金

   对中等职业学校全日制学历教育正式学籍在校生中特别优秀的学生给予奖学金,奖励标准为每生每年6000元,奖励名额由财政部、教育部下达确定。

【打印正文】
分享到:
【字体: 
×

用户登录