站群导航

海南州人民政府

政府工作部门

各县政府

各县政府

|
加入收藏
|
设为首页
|
手机版

共和县人民政府

政府信息公开

全文检索
索引号: 3070211020000043000000/2024112700001268 发布机构:
生效日期: 2024-11-27 废止日期:
文 号: 所属主题: 政策解读

残疾人两项补贴政策

来源: 发布时间:2024-11-27 浏览次数: 【字体:
一、补贴范围、对象和标准


(一)困难残疾人生活补贴对象
1.具有本省户籍,持有第二代《中华人民共和国残疾人证》享受城乡低保的一级、二级残疾人以及三级、四级残疾人。
2.具有本省户籍,持有第二代《中华人民共和国残疾人证》被确认为低保边缘家庭(按照《青海省最低生活保障边缘家庭审核确认办法》认定的低保边缘家庭)中的一级、二级以及三级、四级残疾人。
3.具有本省户籍,持有第二代《中华人民共和国残疾人证》经低收入居民家庭经济状况核对中心认定、连续三个月以上无固定收入的残疾人,且残疾等级为一级、二级的残疾人。
(二)重度残疾人护理补贴对象
具有本省户籍,持有第二代《中华人民共和国残疾人证》残疾等级为一级、二级的残疾人。
(三)补贴标准
1.困难残疾人生活补贴标准为:残疾等级为一级、二级的残疾人,补贴标准为每人每月100元;残疾等级为三级、四级的残疾人,补贴标准为每人每月50元。
2.重度残疾人护理补贴标准为:残疾等级为一级、二级的残疾人,补贴标准为每人每月100元。
二、申领条件及申请审批程序
(一)申领条件。申请残疾人两项补贴,需残疾人本人或其法定监护人,法定赡养、抚养、扶养义务人所在村(居)民委员会或其他委托人向户籍所在地的乡镇人民政府、街道办事处提出书面申请,递交以下资料:
1.本人身份证原件及复印件1份(没有办理身份证的,提交本人户口本复印件1份);
2.本人户口本原件及复印件1份;
3.本人第二代《中华人民共和国残疾人证》原件及复印件1份;
4.青海省城乡居民最低生活保障证、低保边缘家庭认定材料;
5.经低收入居民家庭经济状况核对中心认定为无固定收入的残疾人的相关证明材料;
6.本人或其法定监护人填写的《青海省困难残疾人生活补贴审批表》或《青海省重度残疾人护理补贴审批表》,同时申领残疾人两项补贴的,须同时填写两个审批表。
དབང་པོ་སྐྱོན་ཅན་གྱི་ཁ་གསབ་སྲིད་ཇུས་ཁག་གཉིས་ལོངས་སུ་སྤྱོད་པ།
གཅིག ཁ་གསབ་ཁྱབ་ཁོངས། བྱ་ཡུལ་དང་ཚད་གཞི།
(གཅིག)དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་བྱ་ཡུལ
1.ཞིང་ཆེན་ནང་ཁུལ་གྱི་ཁྱིམ་ཐོ་ཡོད་པ་དང་།  མི་རབས་གཉིས་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་ལག་ཁྱེར་》ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་ལེན་ལོངས་སུ་སྤྱོད་པའི་དབང་པོ་སྐྱོན་ཅན་རིམ་པ་དང་པོ། རིམ་པ་གཉིས་པ་དང་དེ་བཞིན་རིམ་པ་གསུམ་པ། བཞི་པ་བཅས་ཡིན།
2.ཞིང་ཆེན་ནང་ཁུལ་གྱི་ཁྱིམ་ཐོ་ཡོད་པ་དང་མི་རབས་གཉིས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་ལག་ཁྱེར》ཡོད་པ།  མ་མཐའི་འཚོ་བའི་འགན་ལེན་མཐའ་མཚམས་ཁྱིམ་ཚང་(《མཚོ་སྔོན་ཞིང་ཆེན་གྱི་མ་མཐའི་འཚོ་བའི་འགན་ལེན་མཐའ་མཚམས་ཁྱིམ་ཚང་ལ་ཞིབ་བཤེར་གཏན་འཁེལ་བྱེད་ཐབས》གཞིར་བཟུང་ནས་གཏན་འཁེལ་བྱས་པའི་མ་མཐའི་འཚོ་བའི་འགན་ལེན་མཐའ་མཚམས་ཁྱིམ་ཚང་)ཁྲོད་ཀྱི་རིམ་པ་དང་པོ་དང་། རིམ་པ་གཉིས་པ། དེ་བཞིན་རིམ་པ་གསུམ་པ། བཞི་པ་བཅས་ཀྱི་དབང་པོ་སྐྱོན་ཅན་ཡིན་པ།    
3.ཞིང་ཆེན་ནང་ཁུལ་གྱི་ཁྱིམ་ཐོ་ཡོད་པ་དང་། མི་རབས་གཉིས་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་ལག་ཁྱེར་》ཡོད་པའི་ཡོང་འབབ་དམའ་བའི་གྲོང་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ལྟེ་གནས་ཀྱིས་ངོས་འཛིན་བྱས་པ་དང་བསྟུད་མར་ཟླ་བ་གསུམ་ཡན་ལ་གཏན་འཇགས་ཡོང་འབབ་མེད་པའི་དབང་པོ་སྐྱོན་ཅན་ཡིན་པ་མ་ཟད། དབང་པོ་སྐྱོན་ཅན་གྱི་ཚད་རིམ་རིམ་པ་དང་པོ་དང་རིམ་པ་གཉིས་པའི་དབང་པོ་སྐྱོན་ཅན་ཡིན་པ།
(གཉིས།)དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་བདག་སྐྱོང་ཁ་གསབ་བྱ་ཡུལ
ཞིང་ཆེན་ནང་ཁུལ་གྱི་ཁྱིམ་ཐོ་ཡོད་པ་དང་། མི་རབས་གཉིས་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་》ཡོད་པ། དབང་པོ་སྐྱོན་ཅན་གྱི་ཚད་རིམ་རིམ་པ་དང་པོ་དང་རིམ་པ་གཉིས་པའི་དབང་པོ་སྐྱོན་ཅན་ཡིན་པ།
(གསུམ།)ཁ་གསབ་ཚད་གཞི།
1.དཀའ་ངལ་ཆེ་བའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ནི། དབང་པོ་སྐྱོན་ཅན་གྱི་ཚད་རིམ་རིམ་པ་དང་པོ་དང་རིམ་པ་གཉིས་པའི་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་100ཡིན། དབང་པོ་སྐྱོན་ཅན་གྱི་ཚད་རིམ་རིམ་པ་གསུམ་པ་དང་བཞི་པ་ཡིན་པའི་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་50ཡིན།    
2.དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་བདག་སྐྱོང་ཁ་གསབ་ཚད་གཞི་ནི། དབང་པོ་སྐྱོན་ཅན་གྱི་ཚད་རིམ་རིམ་པ་དང་པོ་དང་རིམ་པ་གཉིས་པའི་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་100ཡིན།
དབང་པོ་སྐྱོན་ཅན་གྱི་འཚོ་བའི་དཀའ་ངལ་ཆེ་ཆུང་དང་ཡུན་རིང་ལྟ་སྐྱོང་གི་དགོས་མཁོར་དཔྱད་དཔོག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཚད་གཞི་ཁག་གཉིས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས། ཁ་གསབ་ཚད་གཞི་དེ་རང་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ནོར་སྲིད་ཀྱི་ཐེག་ནུས་དང་འཚམ་པ་བྱེད་དགོས་པར་མ་ཟད། དབང་པོ་སྐྱོན་ཅན་གྱི་འཚོ་བའི་འགན་སྲུང་གི་དགོས་མཁོ་དང་ཡུན་རིང་ལྟ་སྐྱོང་གི་དགོས་མཁོ་གཉིས་ཀར་ལྟ་རྟོག་བྱེད་དགོས།    
གཉིས། རེ་འདུན་ཞུ་བའི་ཆ་རྐྱེན་དང་ཞིབ་མཆན་འགོད་པའི་གོ་རིམ།
(གཅིག) རེ་འདུན་ཞུ་བའི་ཆ་རྐྱེན། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ལ་རེ་འདུན་ཞུ་དགོས་ན། དབང་པོ་སྐྱོན་ཅན་རང་ཉིད་དང་ཡང་ན་དེའི་ཁྲིམས་བཀོད་ལྟ་སྐྱོང་པ། ཁྲིམས་བཀོད་ཞབས་ཏོག་དང་གསོ་སྐྱོང་བཅས་ཀྱི་འོས་འགན་ཡོད་མཁན་གནས་སའི་གྲོང་ཚོ་(སྡོད་དམངས་)ཨུ་ཡོན་ལྷན་ཁང་ངམ་ཡང་ན་མངགས་བཅོལ་བྱེད་མཁན་གཞན་དག་གིས་ཁྱིམ་ཐོ་གནས་སའི་ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་ལ་ཡིག་ཐོག་ནས་རེ་འདུན་ཞུ་དགོས་པ་དང་།  གཤམ་གསལ་གྱི་དཔྱད་གཞིའི་ཡིག་རིགས་འབུལ་དགོས།
1.རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དང་ངོ་བཤུས་1(ཐོབ་ཐང་ལག་ཁྱེར་གཉེར་མེད་ན་རང་ཉིད་ཀྱི་ཁྱིམ་ཐོ་ངོ་བཤུས་1སྤྲོད་དགོས།)
2.རང་ཉིད་ཀྱི་ཁྱིམ་ཐོ་མ་ཡིག་དང་བསྐྱར་དཔར1
3.རང་ཉིད་ཀྱི་མི་རབས་གཉིས་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་དཔང་ཡིག》གི་མ་ཡིག་དང་བསྐྱར་དཔར1
4.མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལག་ཁྱེར་དང་མ་མཐའི་འཚོ་བའི་འགན་ལེན་མཐའ་མཚམས་ཀྱི་ཁྱིམ་ཚང་ངོས་འཛིན་རྒྱུ་ཆ།    
5.ཡོང་འབབ་དམའ་བའི་གྲོང་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ལྟེ་གནས་ཀྱིས་གཏན་འཇགས་ཡོང་འབབ་མེད་པའི་དབང་པོ་སྐྱོན་ཅན་དུ་ངོས་འཛིན་བྱས་པའི་འབྲེལ་ཡོད་དཔང་ཡིག
6.རང་ཉིད་དམ་ཡང་ན་དེའི་ཁྲིམས་བཀོད་ལྟ་སྐྱོང་པས་བྲིས་པའི《མཚོ་སྔོན་ཞིང་ཆེན་གྱི་དཀའ་ངལ་ཆེ་བའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཞིབ་བཤེར་ཆོག་མཆན་རེའུ་མིག》གམ་ཡང་ན་《མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་ཞིབ་བཤེར་ཆོག་མཆན་རེའུ་མིག》ནང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་རེ་ཞུ་བྱེད་མཁན་གྱིས་ངེས་པར་དུ་ཞིབ་བཤེར་ཆོག་མཆན་རེའུ་མིག་གཉིས་དུས་གཅིག་ཏུ་འབྲི་དགོས། 



【打印正文】
分享到:
【字体: 
×

用户登录