中央人民政府 青海省人民政府 海南州人民政府
智能机器人
站群导航

海南州人民政府

政府工作部门

各县政府

您的位置: 首页 >专题专栏>共和县扫黑除恶>详细内容

关于征集涉黑涉恶违法犯罪线索的公告(藏汉双语版)

来源:海南州扫黑除恶斗争领导小组办公室 发布时间:2024-07-26 17:14:09 浏览次数: 【字体:

为深入贯彻落实省委平安建设“十个一”工作部署要求,全面提升常态化扫黑除恶工作成效,现向社会各界征集黑恶势力违法犯罪线索:

 一、征集线索范围    

    1.威胁政治安全特别是制度安全、政权安全以及向政治领域渗透的黑恶势力;

    2.采取暴力、威胁等手段把持基层政权、横行乡里或利用家族、宗族势力欺压残害百姓、称霸一方的“村霸”“乡霸”;

    3.破坏农村治安秩序,通过“霸选”“骗选”“贿选”等方式干扰破坏农村基层换届选举、垄断农村经济资源、侵吞农村集体财产的黑恶势力;

    4.在征地、租地、拆迁、工程建设等过程中煽动闹事的黑恶势力;

    5.在城中村、城乡结合部、流动人口聚集地拉帮结派、寻衅滋事、打架斗殴、强拿硬要、称王称霸,破坏一方治安秩序的黑恶势力;

    6.盘踞在商贸集市、农副产品批发、小商品零售、建筑材料等各类市场,欺行霸市,强买强卖,敲诈勒索,暴力收取保护费、看场费、进场费,破坏正常经营秩序的“市霸”“行霸”类黑恶势力;

    7.在建筑工地、居民小区强行供应砂石、建材,强装强卸,随意殴打、威胁商户及业主的“沙霸”“水泥霸”类黑恶势力;

    8.在客运、货运、仓储物流场所控制运营路线、强拉客源、抢占货源、非法经营、暴力打压竞争对手的“路霸”“货霸”类黑恶势力;

    9.寄生在医疗机构、车站码头、旅游景点等场所强买强卖、敲诈勒索的黑恶势力;

    10.在工程建设、交通运输、矿产资源、渔业捕捞等行业领域,雇黑佣黑,纠集社会闲散人员,恶意竞标、暴力围标、强揽工程、非法占地,滥开滥采、暴力拆迁、随意殴打群众的黑恶势力;

    11.以各种“套路贷”“校园贷”“裸贷”等方式非法高利放贷、暴力讨债的黑恶势力;

    12.专门受雇他人插手各类纠纷,采取“摆队形”“占场子”威胁恐吓、跟踪滋扰等手段破坏社会秩序的“讨债公司”“调查公司”“职业医闹”“地下出警队”等黑恶势力;

    13.操纵、经营“黄赌毒”等违法犯罪活动的黑恶势力;

    14.非法制造、买卖、运输、邮寄、存储、持有、私藏枪支弹药、爆炸物的黑恶势力;

    15.暴力传销、非法限制人身自由、强行拉人入伙、劫掠敲诈钱财的黑恶势力;

    16.与境外有组织犯罪团伙相互勾连,组织内地人员到境外赌博并在放贷后非法拘禁参赌人员,在边境口敲诈勒索出入境商户的黑恶势力;

    17.境外黑社会入境发展渗透以及跨国跨境的黑恶势力;

    18.实施网络“裸聊”敲诈、网络“水军”滋事、舆情敲诈、网络“套路贷”、恶意索赔、网络“软暴力”催收、网络暴力传销、利用信息网络实施的其他涉黑涉恶违法犯罪的黑恶势力;

    19.宗教人员利用宗教影响实施各类违法犯罪活动的黑恶势力;

    20.国家工作人员充当黑恶势力“保护伞”等。

二、保护措施及举报奖励

    常态化开展扫黑除恶专项斗争是习近平总书记和党中央作出的重大决策部署。欢迎广大人民群众积极检举、揭发、控告涉黑涉恶违法犯罪问题,提供黑恶势力违法犯罪线索。我们将严格落实举报人、证人、鉴定人、被害人及其近亲属相关保护措施。同时,对举报人提供的黑恶势力违法犯罪线索查证属实的,将依据线索举报奖励有关规定,对举报人予以奖励。

 三、举报方式

    海南州扫黑办 举报电话:0974-8523711   

    共和县扫黑办 举报电话:0974-8525713      

    贵德县扫黑办 举报电话:0974-8553307                 

    同德县扫黑办 举报电话:0974-8598852         

    贵南县扫黑办 举报电话:0974-8502022        

    兴海县扫黑办 举报电话:0974-8581359

    举报邮箱:青海省海南州A006号邮政信箱


    举报地址:海南藏族自治州共和县城北新区四大班子综合楼3楼328扫黑办公室                

     特此公告

海南州扫黑除恶专项斗争领导小组办公室


2024年3月25日
ནག་འབྲེལ་ངན་འབྲེལ་གྱི་ཁྲིམས་འགལ་ཉེས་གསོགཁུངས་སྣེ་བསྡུ་རུབ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས
    ཞིང་ཆེན་ཏང་ཨུའི་བདེ་འཇགས་འཛུགས་སྐྲུན་ཐད་ཀྱི“གཅིག་ཅན་བཅུ”ཡི་བྱ་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་བྱ་བའི་ཕན་འབྲས་ཁྱོན་ཡོངས་ནས་ཆེ་རུ་གཏོང་ཆེད། འདིར་སྤྱི་ཚོགས་ལས་རིགས་ཁག་ལ་ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་འཚོལ་བསྡུ་བྱ་རྒྱུ་ཡིན། 
              གཅིག ཁུངས་སྣེ་འཚོལ་བསྡུ་བྱེད་པའི་ཁྱབ་ཁོངས།
    1.ཆབ་སྲིད་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་བ་དང་། ལྷག་པར་དུ་ལམ་ལུགས་ཀྱི་བདེ་འཇགས་དང་སྲིད་དབང་གི་བདེ་འཇགས་ལ་ཉེན་ཁ་ཆེ་ཞིང་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པའི་ནག་སྤྱོད་སྟོབས་ཤུགས།
   2.བཙན་ཤུགས་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་གྱི་སྲིད་དབང་ཚོད་འཛིན་བྱེད་པ་དང་། གྲོང་གསེབ་ཏུ་ཁྲིམས་མེད་ལུགས་མེད་བྱེད་པའམ་ཡང་ན་ཁྱིམ་རྒྱུད་དང་རུས་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་སེར་ལ་བརྙས་བཅོས་གཉའ་གནོན་དང་གནོད་འཚེ་གཏོང་བའི“གྲོང་གཤེད”དང“ཡུལ་གཤེད”།
    3.གྲོང་གསེབ་ཀྱི་བདེ་འཇགས་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་།“བཙན་འདེམས”དང“གཡོ་འདེམས”“གསུག་འདེམས”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་གྱི་སྐབས་བརྗེ་འདེམས་བསྐོ་ལ་བར་ཆད་བྱེད་པ་དང་། གྲོང་གསེབ་ཀྱི་དཔལ་འབྱོར་ཐོན་ཁུངས་སྒེར་སྡེམ་བྱེད་པ། གྲོང་གསེབ་ཐུན་མོང་གི་རྒྱུ་ནོར་ཧམ་ཟ་བྱེད་པ་བཅས་ཀྱི་ནག་སྤྱོད་སྟོབས་ཤུགས།
    4.ས་ཞིང་སྡུད་ལེན་དང་། ས་ཞིང་བོགས་གཡར། བཤིག་སྤོ། ལས་གཞི་འཛུགས་སྐྲུན་སོགས་ཀྱི་བརྒྱུད་རིམ་ཁྲོད་ངན་བསྐུལ་ཟིང་སློང་བྱེད་པའི་ནག་སྤྱོད་སྟོབས་ཤུགས།
    5.གྲོང་ནང་གྲོང་ཚོ་དང་། མཁར་གྲོང་འདྲེས་མཚམས། རྒྱུན་འཁོར་མི་འབོར་འདུས་སྡོད་ས་ཁུལ་བཅས་སུ་ཤོག་ཁག་སྒྲིག་པ་དང་། བསྙད་རྐོ་ཟིང་སློང་བྱེད་པ། འཛིང་རེས་རྒྱག་པ། རྒྱུ་ནོར་བཙན་འཕྲོག་བཅས་བྱས་ཏེ་ཡུལ་གྱི་བདེ་སྐྱོང་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ནག་སྤྱོད་སྟོབས་ཤུགས།
    6.ཚོང་ར་དང་། ཞིང་ཞོར་ཐོན་རྫས་སྡེབ་འཚོང་། ཚོང་ཟོག་ཆུང་གྲས་སིལ་འཚོང་། ཨར་ལས་རྒྱུ་ཆ་སོགས་ཚོང་ར་སྣ་ཚོགས་ཧམ་བཟུང་བྱས་ཏེ་ཚོང་བ་གཞན་པར་བརྙས་བཅོས་བྱེད་པ་དང་། ཚོང་ར་ཚོད་འཛིན། བཙན་ཉོ་བཙན་འཚོང་། གཡོ་ལེན་བཙན་སྡུད་བྱེད་པ། བཙན་ཤུགས་ཀྱིས་སྲུང་སྐྱོབ་གླ་དངུལ་དང་། གཟིགས་སྐྱོང་གླ་དངུལ། ཚོང་ཞུགས་གླ་དངུལ་སོགས་བསྡུ་ལེན་བྱས་ཏེ། རྒྱུན་ལྡན་གྱི་ཚོང་གཉེར་སྒྲིག་ལམ་ལ་གཏོར་བཤིག་གཏོང་མཁན་གྱི“ཁྲོམ་གཤེད”རིགས་ཀྱི་ནག་སྤྱོད་སྟོབས་ཤུགས།
   7.ཨར་སྐྲུན་ལས་ཡུལ་དང་སྡོད་དམངས་འདུག་སར་བཙན་ཤེད་ཀྱིས་བྱེ་རྡོ་དང་ཨར་སྐྲུན་རྒྱུ་ཆ་མཁོ་འདོན་བྱེད་པ་དང་། བཙན་ཤེད་ཀྱིས་ཉོ་རུ་འཇུག་པ། ཚོང་བ་དང་སྡོད་དམངས་ལ་རང་དགར་ཉེས་རྡུང་གཏོང་བ་དང་འཇིགས་སྣང་སྐུལ་མཁན་གྱི་ནག་སྤྱོད་སྟོབས་ཤུགས།
   8.འགྲུལ་སྐྱེལ་དང་། ཟོག་འདྲེན། མཛོད་འཇུག་ཟོང་འགྲུལ་བཅས་བྱེད་གནས་སུ་སྐྱེལ་གཉེར་ལམ་ཐིག་ཚོད་འཛིན་བྱེད་པ་དང་། འགྲུལ་ཁུངས་བཙན་འཕྲོག ཚོང་ཟོག་ཡོང་ཁུངས་ཧམ་འཕྲོག  ཁྲིམས་འགལ་ཚོང་གཉེར། བཙན་ཤུགས་ཀྱིས་འགྲན་ཡའི་མགོ་གནོན་པ་སོགས་ཀྱི་ནག་སྤྱོད་སྟོབས་ཤུགས།
   9.སྨན་བཅོས་ལས་ཁུངས་དང་། རླངས་འཁོར་འབབ་ཚུགས། གྲུ་ཁ། ཡུལ་སྐོར་ལྗོངས་གནས་སོགས་སུ་བཙན་ཉོ་བཙན་འཚོང་དང་གཡོ་ལེན་བཙན་སྡུད་བྱེད་པའི་ནག་སྤྱོད་སྟོབས་ཤུགས།
   10.ཨར་ལས་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་རྫས་ཐོན་ཁུངས། ཉ་ལས་འཛིན་བཤོར་སོགས་ཀྱི་ལས་རིགས་དང་ཁྱབ་ཁོངས་སུ། མི་ངན་པ་དང་སྤྱི་ཚོགས་ཐོག་གི་ལས་མེད་མི་སྣ་བསྡུ་རུབ་བྱས་ཏེ་ངན་སེམས་བཅངས་ནས་དམིགས་འགྲན་ནང་ཞུགས་པ་དང་། ལས་གཞི་བཙན་འགུག ཁྲིམས་འགལ་གྱིས་ས་ཆ་བཙན་བཟུང་། གང་བྱུང་སྔོག་འདོན། བཙན་ཤུགས་བཤིག་སྤོ། གང་བྱུང་དུ་མང་ཚོགས་ལ་ཉེས་རྡུང་གཏོང་བ་སོགས་ཀྱི་ནག་སྤྱོད་སྟོབས་ཤུགས།
   11.“གཡོ་བུན”དང་། “སློབ་རའི་དངུལ་བུན”།“རྗེན་བུན”གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྲིམས་འགལ་གྱིས་སྐྱེད་མཐོའི་དངུལ་བུན་གཏོང་བ་དང་། བཙན་ཤུགས་ཀྱིས་བུ་ལོན་འདེད་པའི་ནག་སྤྱོད་སྟོབས་ཤུགས།
   12.ཆེད་དུ་མི་གཞན་གླས་ནས་རྩོད་གཞི་སྣ་ཚོགས་ལ་ཐེ་ཇུས་བྱེད་པ་དང་། འཇིགས་སྣང་སྐུལ་བ་དང་རྗེས་འདེད་ཟིང་སློང་སོགས་ཀྱི་བྱེད་ཐབས་སྤྱད་ནས། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི “བུན་འདེད་ཀུང་སི”དང་། “བརྟག་དཔྱད་ཀུང་སི”།“ལས་རིགས་སྨན་འཛིང”“གསང་བའི་ཉེན་ཟོན་རུ་ཁག་མངགས་པ”ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས།
   13.“འཆལ་རྒྱན་དུག་གསུམ”སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁ་ལོ་སྒྱུར་བ་དང་གཉེར་སྐྱོང་བྱེད་པའི་ནག་སྤྱོད་སྟོབས་ཤུགས།
   14. མེ་མདའ་དང་། རྫས་མདེལ། འགད་དངོས་སོགས་ཁྲིམས་འགལ་གྱིས་བཟོ་སྐྲུན་དང་། ཉོ་འཚོང་། དབོར་འདྲེན། སྦྲག་བསྐུར། ཉར་ཚགས། སྒེར་ཉར་བཅས་བྱེད་མཁན་གྱི་ནག་སྤྱོད་སྟོབས་ཤུགས།
   15.བཙན་ཤུགས་ཀྱིས་བརྒྱུད་འཚོང་བྱེད་པ་དང་། ཁྲིམས་འགལ་གྱིས་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པ། བཙན་ཤེད་ཀྱིས་མི་གཞན་པ་ཚོགས་པའི་ནང་དུ་ཞུགས་སུ་འཇུག་པ། རྒྱུ་ནོར་འཕྲོག་བཅོམ་དང་གཡོ་ལེན་བྱེད་པ་བཅས་ཀྱི་ནག་སྤྱོད་སྟོབས་ཤུགས།
   16.ཁོངས་ཕྱིའི་རྩ་འཛུགས་ལྡན་པའི་ཉེས་གསོག་ཚོགས་པ་དང་ངན་འབྲེལ་བྱས་ཏེ། ནང་སའི་མི་སྣ་སྒྲིག་འཛུགས་བྱས་ནས་མངའ་ཁོངས་ཕྱི་རོལ་དུ་ཤོ་རྒྱག་པར་བསྐྱོད་པར་མ་ཟད། དངུལ་བུན་བཏང་རྗེས་ཁྲིམས་འགལ་ངང་ཤོ་རྒྱག་མཁན་བཀག་ཉར་བྱེད་པ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ཚོང་དུད་ཀྱི་རྒྱུ་ནོར་གཡོ་ལེན་བཙན་སྡུད་བྱེད་མཁན་གྱི་ནག་སྤྱོད་སྟོབས་ཤུགས།
   17.མངའ་ཁོངས་ཕྱིའི་ནག་ཚོགས་རྒྱལ་ཁོངས་སུ་ཡོང་ནས་སིམ་འཛུལ་བྱེད་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་ནག་སྤྱོད་སྟོབས་ཤུགས།
   18.དྲ་ཐོག“རྗེན་མོལ”བྱས་ནས་རྒྱུ་ནོར་གཡོ་ལེན་བྱེད་པ་དང་། དྲ་ཐོག“ཆུ་དམག”གིས་ཟིང་ཆ་སློང་བ། གླེང་ཕྱོགས་བེད་སྤྱད་ནས་རྒྱུ་ནོར་གཡོ་ལེན་བྱེད་པ། དྲ་ཐོག“གཡོ་བུན”གཏོང་བ། ངན་སེམས་བཅངས་ནས་སྐྱིན་ཚབ་སློང་བ། དྲ་རྒྱའི“འཇམ་པོའི་བཙན་ཤུགས”ལ་བརྟེན་ནས་ཚ་འདེད་བྱེད་པ། དྲ་རྒྱའི་བཙན་ཤུགས་ལ་བརྟེན་ནས་བརྒྱུད་འཚོང་བྱེད་པ་དང་།  ཆ་འཕྲིན་དྲ་རྒྱ་བེད་སྤྱད་ནས་ནག་འབྲེལ་ངན་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་གཞན་པ་སྤེལ་བའི་ནག་སྤྱོད་སྟོབས་ཤུགས།
   19.ཆོས་ལུགས་མི་སྣས་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་སྤེལ་པའི་ནག་སྤྱོད་སྟོབས་ཤུགས།
   20.རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ནག་སྤྱོད་སྟོབས་ཤུགས་ཀྱི“རྒྱབ་རྩ”བྱེད་པ་སོགས།
    གཉིས། སྲུང་སྐྱོབ་བྱེད་ཐབས་དང་ཐེར་འདོན་བྱ་དགའ།
    རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནག་འབྲེལ་ངན་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་གི་གནད་དོན་ཧུར་ཐག་གིས་མཚང་འབྱིན་དང་། ཐེར་འདོན། ཁྲིམས་གཏུག་བཅས་བྱས་ཏེ། ནག་སྤྱོད་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་འདོན་སྤྲོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཐེར་འདོན་གོང་ཞུ་བྱེད་མཁན་དང་། དཔང་པོ། གསལ་འབྱེད་པ། གནོད་འཚེ་ཕོག་མཁན་དང་དེའི་གཉེན་ཉེ་བཅས་ཀྱི་འབྲེལ་ཡོད་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་ངེས་ཡིན། དུས་མཚུངས་སུ། ཐེར་འདོན་གོང་ཞུ་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་ནག་སྤྱོད་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་རྩད་ཆོད་མཐའ་གསལ་བྱུང་ཚེ། ཁུངས་སྣེ་ཐེར་འདོན་གོང་ཞུའི་བྱ་དགའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན།
    གསུམ། ཐེར་འདོན་བྱེད་སྟངས།
མཚོ་ལྷོ་ཁུལ་ནག་འཇོམས་གཞུང་ལས་ཁང་། ཐེར་འདོན་ཁ་པར།   0974-8523711   
གུང་ཧོ་རྫོང་ནག་འཇོམས་གཞུང་ལས་ཁང་།  ཐེར་འདོན་ཁ་པར།  0974-8525713  
ཁྲི་ཀ་རྫོང་ནག་འཇོམས་གཞུང་ལས་ཁང་། ཐེར་འདོན་ཁ་པར།  0974-8553307    
ཐུན་ཏེ་རྫོང་ནག་འཇོམས་གཞུང་ལས་ཁང་། ཐེར་འདོན་ཁ་པར།  0974-8598852  
ཀོས་ནན་རྫོང་ནག་འཇོམས་གཞུང་ལས་ཁང་། ཐེར་འདོན་ཁ་པར།  0974-8502022  
ཞིན་ཧེ་རྫོང་ནག་འཇོམས་གཞུང་ལས་ཁང་། ཐེར་འདོན་ཁ་པར།  0974-8581359                    
ཐེར་འདོན་ཡིག་སྒམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་སྦྲག་སྲིག་ཡིག་སྒམ་ཨངA006པ།
ཐེར་འདོན་ས་གནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཁར་བྱང་ཁུལ་གསར་ཚན་ཁག་ཆེན་པོ་བཞིའི་ཕྱོགས་བསྡུས་ཐོག་ཁང་གི་ཐོག་སོ་གསུམ་པའི་སྒོ་ཨང328པ་ནག་འཇོམས་གཞུང་ལས་ཁང་།
    ཞེས་ཆེད་དུ་ཁྱབ་བསྒྲགས་འདི་སྤེལ་བ་ཡིན།
                                                                     
                                                               མཚོ་ལྷོ་ཁུལ་ནག་འཇོམས་ངན་སེལ་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།
                                     2024ལོའི་ཟླ3པའི་ཚེས25ཉེན།


分享到:
【打印正文】
×

用户登录